ཚོགས་ཆེན་གཉིས་ནི་དགའ་བས་བསུ།། འཐུས་མི་ཨུ་ཡོན་བྲེལ་བར་ལྟ།།

རྩོམ་པ་པོ།   དུས་ཚོད།   2020-01-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ང་ནི་དགེ་འདུན་འཚོ་ཡིན། རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་པ་ཡིན། རྔ་ཁུལ་གྱི་ཚོགས་ཆེན་གཉིས་དགའ་བས་བསུ།། འཐུས་མི་ཨུ་ཡོན་བྲེལ་བར་ལྟ།། འདི་ན་ཁྱེད་ཅག་གིས་དོ་ཁུར་བྱེད་བཞིན་པའི་གནས་ཚུལ་ཡོད།

            གསར་འགོད་པ།     ཨུ་ཡོན་ཉིའུ་ཁྱེད་བདེ་མོ། ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་མདོར་ཙམ་བྱེད་རོགས་གནོངས།

            ཨུ་ཡོན་ཉིའུ།    ང་ནི་རྔ་བ་ཁུལ་གྱི་སྐབས་བཅུ་བཞི་བའི་སྲིད་གྲོས་ཨུ་ཡོན་ཡིན་ལ། ཆོས་ལུགས་སྡེ་ཚན་ཁོངས་ནས་ཡིན། ཟུང་ཆུ་རྫོང་དབྱི་སི་ལན་གྱི་ཆོས་ཁང་བྱང་མའི་ཨ་ཧོང་ཉིའུ་ཡའོ་ཝུན་ཡིན།གསར་འགོད་པ།

            གསར་འགོད་པ།  ལོ་སྔོན་མར་ཁྱེད་ཀྱིས་མང་ཚོགས་ཀྱི་ཆེད་དུ་གྲོས་གཞི་ཅི་ཞིག་བཏོན་པ་ཡིན་ནམ། 

            ཨུ་ཡོན་ཉིའུ།  ན་ནིང་ང་རང་གིས་བཏོན་པའི་གྲོས་གཞི་ནི། ང་ཚོ་ཟུང་ཆུའི་མང་ཚོགས་ཀྱིས་དམངས་སྤྱོད་གློག་བཀོལ་ཚད་དང་ཚོང་སྤྱོད་གློག་བཀོལ་ཚད་མཐོ་བས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གློག་རིན་ཇེ་དམའ་རུ་གཏོང་བའི་སྐོར་གྱི་གྲོས་                གཞི་གཅིག་ཡིན་པ་དང་། གཅིག་ཤོས་ནི་ཕིང་ཝུའུ་དང་ཟུང་ཆུ་བར་གྱི་གཞུང་ལམ་རྒྱ་སྐྱེད་པའི་སྐོར་གྱི་གྲོས་གཞི་ཡིན།

            གསར་འགོད་པ།   དགུན་ཁར་སླེབས་ཡོད། གློག་རིན་གྱི་གནད་དོན་ནི་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་སའི་གནད་དོན་ཞིག་ཡིན།

            ཨུ་ཡོན་ཉིའུ།  ན་ནིང་ངས་བཏོན་པའི་གློག་རིན་ཇེ་དམའ་རུ་གཏོང་བའི་གནད་དོན་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་བྱས་ཤིང་། ཚོང་སྤྱོད་གློག་རིན་དེ་སྔོན་གྱི་སྒོར་ཟུར་7དང་སྐར་མ་4ནས་སྒོར་ཟུར་6དང་སྐར་མ་4ལ་མར་ཆག་པ་དང་། དམངས་སྤྱོད་གློག་རིན་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་ཁུལ་འཕེལ་སྒྱུར་ཨུ་ཡིས་གྲོས་ལན་ཁ་གསལ་བཏབ་ཡོད། སྔོན་ཆད་སྒོར་ཟུར་4དང་སྐར་མ་7ཡིན་ལ། ད་ལོ་(2020ལོའི)སྤྱི་ལོ་ཚེས་པ་ནས་བཟུང་། སྒོར་ཟུར་3དང་སྐར་མ་9ལ་མར་ཆག སྐར་མ་8མར་ཆག་པ་རེད། དེ་བས་མང་ཚོགས་ལ་དོན་དམ་པའི་ཕན་ཁེ་ཐོབ་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།