ཚོགས་ཆེན་གཉིས་ནི་དགའ་བས་བསུ།། འཐུས་མི་ཨུ་ཡོན་བྲེལ་བར་ལྟ།།

རྩོམ་པ་པོ།   དུས་ཚོད།   2020-01-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བ་ཁུལ་གྱི་ཚོགས་ཆེན་གཉིས་ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་དགའ་འོས་པའི་བྱ་བ་ཞིག་རེད། ཚོགས་ཆེན་གཉིས་ཀྱི་སྔོན་དུ། རྔ་སྒྲ་ཚང་གིས་ཁུལ་གྱི་འཐུས་མི་དང་ཨུ་ཡོན་གྱིས་ལས་དོན་སྒྲུབ་ཚུལ་དང་འཚོ་བ་རོལ་སྟངས་སྐོར་གྱི་གནས་ཚུལ་གྱི་བརྙན་ཐུང་བརྒྱད་བཀོད་སྒྲིག་བྱས་ཡོད་པས། རྒྱ་ཆེའི་གཟིགས་མཁན་རྣམ་པའི་འདྲེན་བྱེད་མིག་གི་དགའ་སྟོན་དུ་འགྱུར་བར་སྨོན། 

     ང་ནི་དགེ་འདུན་འཚོ་ཡིན། རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་པ་ཡིན། རྔ་ཁུལ་གྱི་ཚོགས་ཆེན་གཉིས་དགའ་བས་བསུ།། འཐུས་མི་ཨུ་ཡོན་བྲེལ་བར་ལྟ།། འདི་ན་ཁྱེད་ཅག་གིས་དོ་ཁུར་བྱེད་བཞིན་པའི་གནས་ཚུལ་ཡོད།

གསར་འགོད་པ།

      ཨུ་ཡོན་མེང་ཁྱེད་བདེ་མོ། ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་མདོར་ཙམ་བྱེད་རོགས་གནང་།

མེང་ཨུ་ཡོན། 

    ཁྱེད་བདེ་མོ། ངའི་མིང་ལ་མེང་ཁྲེང་ཕེང་ཟེར། ང་ནི་གཙོ་ཚང་སྒུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིན་ལ། ཁུལ་གྱི་སྐབས་བཅུ་གཉིས་པའི་དམངས་འཐུས་ཀྱི་འཐུས་མིའང་ཡིན། 

གསར་འགོད་པ།

       མེང་ཨུ་ཡོན། ཁྱེད་ཚོའི་ལོ་སྔོན་མར་གྲོས་གཞི་ཅི་ཞིག་བཏོན་པ་ཡིན་ནམ། 

མེང་ཨུ་ཡོན། 

       ན་ནིང་ང་ཚོའི་ཚོགས་ཆེན་གཉིས་ཀྱི་སྟེང་བསམ་འཆར་མང་པོ་བཏོན་ཡོད་མོད། འོན་ཀྱང་ཆེས་བག་ཆགས་ཟབ་མོ་དེ་གཉིས་ནི། དང་པོ་ནི་རྫོང་གྲོང་དུམ་བུའི་ས་མཚམས་བརྒལ་ནས་ལམ་འཛུགས་སྐྲུན་སྐོར་གྱི་གྲོས་གཞི་དང་། གཉིས་པ་ནི་ཟུང་ཆུ་རྫོང་དུ་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་དངོས་ཟོག་བསྡུ་འགྲེམ་ལྟེ་གནས་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི་ཡིན། 

གསར་འགོད་པ།

      རྒྱལ་ཁབ་རིམ་པའི་གཞུང་ལམ་213རྒྱུད་ཀྱི་ཟུང་ཆུ་རྫོང་གི་ས་མཚམས་སྒྲོལ་བའི་ལམ་དུམ་སྒྱུར་བཀོད་ལས་གྲྭ་ལག་བསྟར་སྐོར་གྱི་གནས་ཚུལ་ག་འདྲ་ཡིན་ནམ།

མེང་ཨུ་ཡོན། 

      ང་ཚོས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་མ་དངུལ་སྒོར་དུང་ཕྱུར་3.9བརྩོན་ལེན་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་1.5དམིགས་སར་འབྱོར་ཡོད་པ་དང་། རྣམ་གྲངས་དེ་2019ལོའི་ཟླ་9ཚེས་25ཉིན་ལས་མགོ་ཚུགས་ལ། 2021ལོར་ལེགས་འགྲུབ་བྱུང་ཐུབ་པར་མ་ཟད་རླངས་འཁོར་ཤར་གཏོང་བྱེད་ཐུབ། རྣམ་གྲངས་འདི་ལེགས་འགྲུབ་བྱུང་རྗེས་ཟུང་ཆུ་རྫོང་གི་འགྲིམ་འགྲུལ་ཡུན་རིང་འགག་པའི་གནད་དོན་ཐག་གཅོད་བྱེད་ཐུབ། 

གསར་འགོད་པ།

      ཁྱེད་ཀྱིས་གླེང་བའི་ཟུང་ཆུ་རྫོང་དུ་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་དངོས་ཟོག་བསྡུ་འགྲེམ་ལྟེ་གནས་འཛུགས་རྒྱུའི་སྐོར་གྱི་གནས་ཚུལ་ག་འདྲ་ཡིན་ནམ།

མེང་ཨུ་ཡོན། 

     ཟུང་ཆུ་རྫོང་ནི་ཁུལ་ཡོངས་ཀྱི་ཟོག་འགྲེམས་འཆར་འགོད་ནང་བཅུག་པ་དང་ཆབས་ཅིག་རྫོང་ཁོངས་ཀྱི་ཟོག་འགྲེམས་འཆར་འགོད་ཀྱང་བཟོས་ཡོད་པ་དང་། མ་དངུལ་དང་སྲིད་ཇུས་ཀྱིས་ང་ཚོར་རྒྱབ་སྐྱོར་བྱས་པར་མ་ཟད་འབྲེལ་ཡོད་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་། དཔེར་ན། ཧོང་ཧྲེང་ཀོན་མཛོད་ཉར་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན། མིག་སྔར་གྲུབ་ཆ་གཙོ་བོ་ལེགས་འགྲུབ་བྱུང་ཡོད་པ་དང་། ལྕགས་ལམ་དང་མཉམ་དུ་ལེགས་འགྲུབ་བྱུང་ཐུབ་པར་མ་ཟད་བཀོལ་སྤྱོད་བྱེད་ཐུབ། ཡང་དཔེར་ན། ཆིང་ཡུན་མཛོད་ཉར་ཟོག་འགྲེམས་ལྟེ་གནས་ཀྱི་ཁག་དང་པོའི་རྣམ་གྲངས་དེ་2020ལོར་ལས་མགོ་ཚུགས་ཏེ་2020ལོའི་ལོ་སྨད་དུ་ལེགས་འགྲུབ་བྱུང་ཐུབ། 

གསར་འགོད་པ།

     ད་ལོའི་རྔ་ཁུལ་གྱི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བས། ཁྱེད་ཀྱིས་གྲོས་གཞི་གང་འདྲ་ཞིག་འདོན་རྩིས་ཡོད་དམ།

མེང་ཨུ་ཡོན། 

        ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་ངའི་གྲོས་གཞི་གཉིས་གྲ་སྒྲིག་བྱས་ཡོད་དེ། གྲོས་གཞི་དང་པོ་ནི་གཟི་རྩ་སྡེ་དགུའི་སྐོར་ལམ་གྱི་ལྗོངས་སྐོར་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུའི་གྲོས་གཞི། དེ་ལ་ཕྱོགས་བཞི་ཡོད་དེ། དང་པོ་ནི་ལྗོངས་སྐོར་ཚོང་གཉེར་ལ་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་པ་དང་། གཉིས་པ་ནི་མུ་མཐུད་དུ་ལྗོངས་སྐོར་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏང་། དཔེར་ན་གཟི་རྩ་སྡེ་དགུའི་སྐོར་ལམ་གྱི་ལྗོངས་སྐོར་གྱི་གསང་སྤྱོད་སྒྱུར་བཀོད། གསུམ་པ་ནི་ཁུལ་ཡོངས་ཀྱི་ལྗོངས་སྐོར་ལས་རིགས་མཁོ་སྤྲོད་ཕྱོགས་ཀྱི་བཅོས་སྒྱུར་ལ་སྣེ་ཁྲིད་བྱེད་པ། གཙོ་བོ་ལྗོངས་སྐོར་རྩེར་སོན་མཁོ་འདོན་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པ། བཞི་བ་ནི་མུ་མཐུད་དུ་ལྗོངས་སྐོར་ཁྲོམ་ར་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་ཏེ་ཞུ་གཏུག་ཇེ་ཉུང་དུ་གཏོང་། གྲོས་གཞི་གཉིས་པ་ནི་གཙོ་ཚང་སྒུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཆ་ནས་བཤད་ན། གཙོ་ཚང་སྒུ་གྲོང་རྡལ་དེ་ལྟེ་བའི་གྲོང་རྡལ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ལ། གཙོ་ཚང་སྒུ་གྲོང་རྡལ་ནི་རྔ་བ་ཁུལ་གྱི་སྐར་ཁུང་ཡིན་ལ། ནུབ་རྒྱུད་བོད་རིགས་ས་ཁུལ་གྱི་སྐར་ཁུང་ཡང་ཡིན་པའི་ཆ་ནས་ང་ཚོས་སི་ཁྲོན་ཞིང་ཆེན་གྱི་ལྟེ་བའི་གྲོང་རྡལ་ཁག་དང་པོར་འདུན་ཞུ་བྱེད་རྒྱུའི་རེ་བ་བྱེད་ཀྱིན་འདུག་གོ། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།