ཁེད།

རྩོམ་པ་པོ།   དུས་ཚོད།   2020-01-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྒན་པོ་སྒུར་ལུ་དེས། 

བྱུ་རུའི་སྐེ་རྒྱན་བཏགས།

ལན།  གླ་སྟར།

བྱུ་རུ་དམར་པོའི་སྒམ་ནང་ན། 

གསེར་གྱི་དོང་ཙེ་བརྒྱ་ཡིས་བཀང་།

ལན།  སུར་པར་དམར་བོ།

རྒད་པོ་སེར་རིལ་རྒས་གཉེར་ཅན།

ལན། ལྕི་བ།

ང་འདི་ན་ཡོད། སྐྱ་ལེབ་སྒང་ན་ཡོད། 

ལན།  རྐང་རྗེས།

རིང་གི་ཟེར་ན་ང་ལས་རིང་ཞིག་མེད།   

སྟོད་རྒྱ་གར་ཡུལ་ལ་ང་རང་ཐོན།

ཐུང་གི་ཟེར་ན་ང་ལས་ཐུང་ཞིག་མེད། 

ཆུ་མོའི་ཕར་ཁར་ང་མི་ཐོན། 

ལན།  ལམ། 

རིང་རྒྱུ་དེའི་རིང་མེད། 

ཁྱིའི་ལྟོ་ལ་མི་ཐུག

ལན།  ལམ། 

ཨ་མཚོ་མཚོ་ཡི་མཚོ་ནང་ན།

སྒོ་ང་དྲུག་གསུམ་བཅོ་བརྒྱད་ཡོད།

སྒོང་ཕྲུག་སུམ་བརྒྱ་དྲུག་ཅུ་ཡོད།

ལན།  འབྲུ་ཡི་སྙེ་མ།

བུ་ཆུང་རེ་ལ་ཁང་ཆུང་རེ།

ཁང་ཆུང་རེ་ལ་དར་ལྕོག་རེ།

ལན།  ནས་ཀྱི་སྙེ་མ།

རྩ་བ་གཅིག་ལ་རྩེ་མོ་བརྒྱ།

རྩེ་མོ་གཅིག་ལ་ལྷ་ཁང་བརྒྱ།

ལྷ་ཁང་བརྒྱ་ལ་ལྷ་ཕྲུག་བརྒྱ།

ལན།  ནས་ཀྱི་སྙ་མ།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།