གྲོ་ཞིང་ནས་ཞིང་།

རྩོམ་པ་པོ།   དུས་ཚོད།   2020-01-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཆགས་དབྱིབས་དང་རྣམ་པ། 

           གྲོ་ཞིང་ནས་ཞིང་གི་ཤར་ཕྱོགས་སུ་དུང་དཀར་ལུང་བ་དང་། ལྷོ་ཕྱོགས་སུ་ཁས་སྔོན། ནུབ་ཕྱོགས་སུ་བྲག་ཤུར། བྱང་ཕྱོགས་སུ་བྲག་བྱ་ཚང་བཅས་ཡོད་པ་དང་། རི་རྒྱུད་ཀྱི་རྨུ་ཐག་ཆེས་ཆེར་རིང་དུ་བསྲིངས་ཞིང་གཏོས་མངོན་པར་མཐོ་བའི་ཡང་དཀྱིལ་དུ་རྒྱལ་སྲིད་སྣ་བདུན་ལས་གླང་ཆེན་རིན་པོ་ཆེ་གྱེན་དུ་འགྲོ་བའི་ད་ཁུག་ཏུ་གཞི་རྒྱ་ལ་ས་འདོམ་གྲུ་བཞི་མ་ལྔ་བརྒྱ་ལྷག་ཡོད་སའི་ཐང་ཡག་པོ་མེ་ལོང་འདྲ་བ་ཞིག་ཡོད་པ་དང་། ཐང་དེའི་གཡས་གཡོན་དུ་སྐྱེས་པའི་རྕྭ་ཡི་ཁ་དོག་མི་འདྲ་བས་མི་རྣམས་ཀྱིས་དེའི་ཕྱེད་ཀ་གྲོ་ཡི་སྙེ་མའི་མདོག་ཡིན་ཞིང་ཕྱེད་ཀ་ནས་ཀྱི་སྙེ་མའི་མདོག་ཡིན་པར་བཤད་པས་མིང་ལའང་འབྲུག་མོའི་གྲོ་ཞིང་ནས་ཞིང་ཞེས་ད་ལྟའི་བར་དུ་གྲགས་ཡོད།

ངག་རྒྱུན།

           ངག་རྒྱུན་ལ་གྲོ་ཞིང་ནས་ཞིང་དེ་སེང་ལྕམ་འབྲུག་མོའི་ཞིང་ས་ཡིན་ལ། མོས་གླིང་དཀར་བོའི་ཕུ་ནུ་རྣམས་ལ་གྲོ་དང་ནས་ཀྱི་ཞིང་རྨོས་ནས་ལོ་ལེགས་ཀྱི་འབྲས་བུ་ལེན་ས་ཡིན་ཟེར་སྲོལ་ཡོད། 

ས་གནས།

           ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་ནས་བྱང་ཤར་གྱི་ཕྱོགས་སུ་སྤྱི་ལེ་༢༥ཙམ་གྱི་མཚམས་སུ་ཡོད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།