གྲོ་འབྲས།

རྩོམ་པ་པོ།   དུས་ཚོད།   2019-12-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


          རྒྱུ་ཆ། 

          གྲོ་མ།   མར་ཁུ།  འབྲས།  བྱེ་མ་ཀ་ར།

         བཟོ་སྟངས།

         སྡེར་མའི་ནང་དུ་འབྲས་དང་གྲོ་མ་བཙོས་མ་མང་ཙམ་བླུགས་རྗེས།  དེའི་ནང་ཚད་རན་པའི་གྲོ་མ་དང་བྱེ་མ་ཀ་ར་ཉུང་ཤོས་མཉམ་བསྲེས་གཏོང་བ་དང་།  མཐའ་མར་ཁུ་བླུགས་ཏེ་གསོལ་བཞེས་བགྱི་བ།  དྲོན་པོར་ཟོས་ན་བྲོ་བ་ལྷག་ཏུ་ཞིམ། 

         ཕན་ནུས། 

         མཁྲིས་དང་ལུས་སྟོབས་བསྐྱེད་པ་དང་། །

         འཁྲུ་བ་གཅོད་དང་རུས་ཆག་སྦྱོར་ལ་ཕན།།

        ཉེས་པ་གསུམ་སེལ་རོ་ཙ་མདངས་དཀར་གསལ།།

         ལུས་ཡང་ཡིད་གཞུང་འཁྲུ་དང་སྐྱུག་པ་གཅོད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།