ཟླ་1ནས་ཟླ་11བར། རང་ཁུལ་གྱིས་གཙོ་གནད་རྣམ་གྲངས་76ལ་མ་དངུལ་སྒོར་དུང་ཕྱུར་197.77བཏང་།

རྩོམ་པ་པོ།   དུས་ཚོད།   2019-12-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན།ཉེ་ཆར། གསར་འགོད་པས་ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ད་ལོར་རང་ཁུལ་གྱིས་གཙོ་གནད་རྣམ་གྲངས་76ལག་བསྟར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་2349.91བཏང་ཟིན་པ་དང་ལོ་འཁོར་གྱི་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར་199.9བཏང་ཟིན། ཟླ་1པོ་ནས་ཟླ་11བར། གཙོ་གནད་རྣམ་གྲངས་76གི་ཁྲོད་རྣམ་གྲངས་75ལག་བསྟར་བྱས་ཤིང་། རྣམ་གྲངས་10ལེགས་འགྲུབ་བྱུང་བ་དང་མ་དངུལ་སྒོར་དུང་ཕྱུར་197.77བཏང་ཟིན་ལ། ལོ་འཁོར་གྱི་མ་དངུལ་འཇོག་ཚད་ཀྱི་བརྒྱ་ཆ་98.93ཟིན་ཡོད།

         ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་མཐུད་སྐྲུན་རྣམ་གྲངས་52སླར་གསོ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་168.2བཏང་ནས་ལོ་འཁོར་གྱི་མ་དངུལ་འཇོག་ཚད་ཀྱི་བརྒྱ་ཆ་101.83ཟིན་པ་དང་། གསར་དུ་བསྣན་པའི་རྣམ་གྲངས་24ལས་རྣམ་གྲངས་23ལས་མགོ་ཚུགས་ཤིང་། ལས་མགོ་ཚུགས་ཚད་བརྒྱ་ཆ་95.83ཟིན་ལ་མ་དངུལ་སྒོར་དུང་ཕྱུར་29.57བཏང་ཟིན། དེའི་ཁྲོད་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཆེ་གྲས་36ལས་རྣམ་གྲངས་35ལས་མགོ་ཚུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་134.41བཏང་ནས་ལོ་འཁོར་གྱི་མ་དངུལ་འཇོག་ཚད་ཀྱི་བརྒྱ་ཆ་106.55ཟིན་ཡོད་ལ། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་གལ་ཆེན་30ལས་མགོ་ཚུགས་ཏེ་མ་དངུལ་སྒོར་དུང་ཕྱུར་53.78བཏང་ནས་ལོ་འཁོར་གྱི་མ་དངུལ་འཇོག་ཚད་ཀྱི་བརྒྱ་ཆ་85.68ཟིན་ཡོད་པ་དང་། དམངས་འཚོ་དང་སྤྱི་ཚོགས་ཀྱི་བྱ་གཞག་གལ་ཆེན་གྱི་རྣམ་གྲངས་7ལས་མགོ་ཚུགས་ཏེ་མ་དངུལ་སྒོར་དུང་ཕྱུར་4.35བཏང་ནས་ལོ་འཁོར་གྱི་མ་དངུལ་འཇོག་ཚད་ཀྱི་བརྒྱ་ཆ་87.5ཟིན་ཡོད། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་3ལས་མགོ་ཚུགས་ཏེ་མ་དངུལ་སྒོར་དུང་ཕྱུར་5.23བཏང་ནས་ལོ་འཁོར་གྱི་མ་དངུལ་འཇོག་ཚད་ཀྱི་བརྒྱ་ཆ་86.97ཟིན་ཡོད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།