ཁ་བའི་འཇིག་རྟེན་ན་འོད་དུ་འཚེར་བའི་གཟི་རྩ་སྡེ་དགུ།

རྩོམ་པ་པོ།   དུས་ཚོད།   2019-12-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


ནམ་ཟླ་དགུན་ཁ་ཚེས་པས།། ཁ་བའི་མེ་ཏོག་གནང་བྱུང་།།

མེ་ཏོག་རི་ནས་བཞད་པས།། དགུན་ཁ་མཛུམ་གྱིས་གྲོལ་སོང་།།


ལྕུག་མ་སྟངས་སྟབས་ཅན་པོས།། འདབ་མ་དཀར་པོ་བཀླུབས་ཏེ།།

དགུན་གྱི་དུས་ཚིགས་འདི་རུ།། གར་གྱི་མཛེས་པ་ངོམ་བྱུང་།།



ཁ་བའི་འདབ་མ་དཀར་པོ།། གསེར་གྱི་མཚོ་མོར་ལྷུང་བས།།

མཚོ་མོ་དྭངས་ཆ་ཅན་པོའི།། གཡུ་ཡི་འོད་མདངས་བཀྲ་སོང་།།



གཟི་རྩ་སྡེ་དགུ་མིན་པ།། ཡུལ་ཁམས་གཞན་ཞིག་བྱུང་ན།།

ཁ་བ་གངས་ཀྱིས་བརྒྱན་རུང་།། གདོང་ལ་བུ་ཡུག་འཚུབ་འགྲོ།།



དགུན་གྱི་དུས་ཚིགས་འདི་རུ།། གཤོག་ཐོགས་ཡིན་ན་བསམ་བྱུང་།།

ལྡེམ་མྱུར་གར་ལ་འགྲོ་བཞིན།། གཟི་རྩར་བསྐོར་བ་བྱས་ཆོག།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།