བྱེད་ཐབས་བཅུ་ཡིས་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་སྡུད་དཀའ་བའི་གནད་དོན་བསལ།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2019-12-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               ཉེ་ཆར་ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་དང་མི་དམངས་དངུལ་ཁང་ཁྲེང་ཏུའུ་ཡན་ལག་དངུལ་ཁང་སོགས་སྡེ་ཁག་8ཀྱིས་མཉམ་དུ《དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩ་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་དོན་ཚན་བཅུ་ཡི་བརྡ་ཐོ》པར་འགྲེམ་བྱས། དེའི་ནང་རིམ་པ་སོ་སོའི་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཀུང་སིས་ཁེ་ལས་ཆུང་གྲས་ལ་ཁག་ཐེག་བྱེད་པའི་ལས་སྒོའི་གཞི་ཁྱོན་ནི་བརྒྱ་ཆ་80ཡན་ཟིན་ཡོད་ལ། ཁྱིམ་ཚང་རྐྱང་བའི་ཁག་ཐེག་མ་དངུལ་སྒོར་ཁྲི་500དང་དེའི་མན་གྱི་ཁེ་ལས་ཆུང་གྲས་སོགས་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱས།

             བྱེད་ཐབས་བཅུ་ལས་ཕྱོགས་ཡོངས་ནས་ཡིད་རྟོན་དངུལ་བུན་གཏོང་རྒྱུར་ཤུགས་སྣོན་པ་དང་། ཐད་ཀའི་མ་དངུལ་བསྡུ་སྒྲིལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐེན་ཧྥུ་གཞི་གྲངས་ཀུན་ཕན་དངུལ་རྩའི་བྱ་སྤྱོད་ལག་བསྟར་བྱེད་པ། ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ། མཁོ་སྤྲོད་སྦྲེལ་ཐག་གི་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་དུ་གཏོང་བ། ཚད་ལོན་ཚབ་ལེན་གྱི་གཏའ་འཇོག་དངོས་པོའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། རྒྱུན་རྣམ་ཅན་གྱི་ཞབས་ཞུའི་སྦྲེལ་མཐུད་ལམ་སྲོལ་བཟོ་བ། དཀའ་ངལ་ཡོད་པའི་ཁེ་ལས་རོགས་སྐྱོར་ལ་ཤུགས་སྣོན་པ། དམངས་གཉེར་ཁེ་ལས་པའི་དངུལ་རྩའི་བྱང་ཚད་མཐོ་རུ་གཏོང་བ། དཔྱད་ཞིབ་སྐུལ་ལྕག་ལ་ཤུགས་སྣོན་པ་བཅས་ཚུད་ཡོད།

              བྱེད་ཐབས་བཅུ་ནི་གཙོ་བོ་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་རྒྱུས་ལེན་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཐོན་རྫས་གསར་གཏོད། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ནུས་ལྡན་ངང་སྐོང་རྒྱུར་ཁྲིད་སྟོན་དང་མཐུན་སྦྱོར་བཅས་བྱ་རྒྱུ་དེ་རེད། དཔེར་ན། དངུལ་ཁང་ལས་རིགས་སྒྲིག་གཞིས་ལས་གཏོད་མ་འཇོག་དང་ཁེ་ལས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། ཐེན་ཧྥུ(སི་ཁྲོན)མཉམ་འབྲེལ་མ་རྐང་ཉོ་ཚོང་ལྟེ་གནས་ཀྱི་མ་རྩའི་ཁྲོམ་རའི་བློ་འབྱེད་ལས་སྟེགས་དང་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་ཀྱིས་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་ནུས་ཆེ་རུ་གཏོང་རྒྱུ། ཚོང་རར་ཞུགས་པའི་ཀུང་སི་དང་ལྷག་པར་དུ་རྒྱལ་ཁབ་ལ་དབང་བའི་སྣེ་འདྲེན་ཚོང་རར་ཞུགས་པའི་ཀུང་སིར་སྐུལ་མ་གཏོང་བ། མཁོ་སྤྲོད་འབྲེལ་ཐག་དངུལ་རྩ་དང་ཞབས་ཞུའི་ལས་སྟེགས་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་སོགས་ཡིན།

              བྱེད་ཐབས་བཅུ་ཡིས་ད་དུང་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་ཀྱི་ནང་རྩལ་སྦྱོང་རོགས་བྱ་རྒྱུ་རེད། དེའི་ནང་དུ་དངུལ་རྩའི་སྒྲིག་གཞིའི་ཤེས་ལྡན་པའི་ལེགས་ཆ་འདོན་སྤེལ་བྱས་ནས་ཁེ་ལས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ནོར་དོན་འཆར་འགོད་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཀྱི་ནང་ཁུལ་གྱི་དོ་དམ་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། ཁེ་ལས་ལ་རོགས་རམ་བྱས་ནས་མ་དངུལ་སྡུད་པའི་མ་གནས་དམའ་རུ་གཏོང་བ་སོགས་ཚུད་ཡོད་དོ།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།