རྒྱལ་ཁམས་ལྟ་བའི་མེ་ལོང་།

ཡུན་ནན་ཞིང་ཆེན་ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་ལུའུ་ཧྲུའེ་གྲོང་ཁྱེར་ཏ་ལུང་ཐང་ཡུལ་གཞན་དབུལ་སྐྱོར་གནས་སྤོ་སྡོད་གནས།

རྩོམ་པ་པོ།   དུས་ཚོད།   2019-12-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ནང་དོན་རགས་བཀོད།

             ལུའུ་ཧྲུའེ་གྲོང་ཁྱེར་ཏ་ལུང་ཐང་ཡུལ་གཞན་དབུལ་སྐྱོར་གནས་སྤོ་སྡོད་གནས་ནི་ལིའུ་ཁུའུ་གྲོང་རྡལ་ཧྲོང་མེ་ཏི་གྲོང་སྡེར་ཆགས་ཤིང་། ལུའུ་ཧྲུའེ་གྲོང་མཁར་དང་སྤྱི་ལེ་6ལྷག་ཡོད།  2018ལོའི་ཟླ་10བའི་ནང་དུ་ཡུལ་ཕྱོགས་སོ་སོ་ནས་དབུལ་ཕོངས་ཁྱིམ་ཚང་163དང་མི་626སྡོད་གནས་དེར་གནས་སྤོས་ནས་སྐྱིད་པའི་འཚོ་བ་རོལ་མགོ་བརྩམས།

            དུས་ཐོག་ཏུ་སྡོད་གནས་ས་ཚིགས་དོ་དམ་ཨུ་ལྷན་ཁང་དང་ཁྱིམ་བདག་ཨུ་ལྷན་ཁང་རྩ་འཛུགས་བྱས་ཤིང་། སྤྱི་པའི་སྒྲིག་ཆས་སྲུང་སྐྱོང་དང་འཕྲོད་བསྟེན་གཙང་སྦྲ། དཔལ་ཡོན་གསར་སྐྲུན་སོགས་ཀྱི་དོ་དམ་ལམ་ལུགས་བཟོས་པ། གནས་སྤོས་མང་ཚོགས་ལ་ཐོན་སྐྱེད་འཚོ་བ་སྐོར་གྱི་མཁོ་ཆས་འདོན་སྤེལ་གང་མང་བྱེད་ཀྱིན་ཡོད། གནས་སྤོ་གྲོང་དམངས་ཀྱི་ལས་ཀ་འཚོལ་བ་དང་བུ་བུ་མོ་སློབ་གྲྭར་འགྲོ་བ། སྨན་བསྟེན་པ་སོགས་ཀྱི་དཀའ་ངལ་སེལ་ཐབས་དང་ངལ་རྩོལ་ལག་རྩལ་སྐོར་གྱི་གསོ་སྦྱོང་སྤེལ་བཞིན་ཡོད།

             མིག་སྔར་སྡོད་གནས་ས་ཚིགས་སུ་བྱིས་གཉོར་ཁང་དང་བྱ་འགུལ་ཁང་། སྨན་ཁང་། དབུལ་སྐྱོར་འཁོར་ཁང་སོགས་སྐྲུན་མུར་ཡོད་ལ། གཏེར་ཆུ་བཟོ་གྲྭ་དང་གཙང་སྦྲ་བཟོ་གྲྭ་སོགས་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་སྐྲུན་གྱིན་ཡོད།

གསར་འགོད་པ། ཀོ་དོ་མཁན་པོ་དང་དབང་མོ། ཡོན་ལྷ། མགོན་པོ་བཀྲ་ཤིས།