མཛོད་དགེ་རྫོང་གིས་བརྗོད་གཙོ་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་ ལས་དོན་ལེགས་པོར་བསྒྲུབས།

རྩོམ་པ་པོ།   དུས་ཚོད།   2019-12-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་གཙོ་སློབ་གསོ་བྱེད་སྒོ་སྤེལ་བ་ནས་བཟུང་། མཛོད་དགེ་རྫོང་གིས་དོན་དངོས་དང་། རྒྱ་ཁྱབ། བཀོལ་སྤྱོད་བཅས་ཀྱི་ཐད་བརྟག་དཔྱད་ཞིབ་འཇུག་ལས་དོན་ལེགས་པོར་བསྒྲུབས་ཡོད།

           བརྟག་དཔྱད་ཞིབ་འཇུག་གི་ཞིབ་འཇུག་བྱ་གཞི་དངོས་འབུར་དུ་ཐོན་པ། དུས་མགོར་གཅིག་སྡུད་ངང་སློབ་སྦྱོང་དང་བགྲོ་གླེང་བྱས་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། མཛོད་དགེ་རྫོང་གི་འགོ་ཁྲིད་ཚན་ཁག་གིས་བརྟག་ཞིབ་ཀྱི་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱེད་སྐབས་ཏང་འཛུགས་སྐྱོང་ཐད་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་། མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན། དབུལ་བྲལ་གནད་སྒྲོལ། སྐྱེ་ཁམས་སྲུང་སྐྱོང་། གོམས་སྲོལ་སྒྱུར་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལ་སྐུལ་མ་གཏོང་བ་སོགས་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་གཙོ་བོར་བཟུང་ནས། ཁོང་ཚོའི་རང་གི་འགན་འཁྲི་དང་ལས་ཀའི་ལས་བགོས་ལྟར་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བརྟག་ཞིབ་ཀྱི་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱས།

           བརྟག་དཔྱད་བྱེད་སྒོ་རྒྱ་ཁྱབ་སྤེལ་བ། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་དམིགས་ནས། མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་གཞི་རིམ་གྱི་ཀྲི་པུའུ་དང་། འབྲེལ་གཏུག་བྱེད་གནས། ཁག་བགོས་དོ་དམ་མངའ་ཁུལ་དུ་བསྐྱོད་དེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་ལས་དོན་སྤེལ། ཀྲི་པུའུ་ཡིས་ཏང་གི་ཆེད་དོན་སློབ་ཁྲིད་ཁྱོན་ཡོངས་ལ་ཁེབས་པ་དང་བསམ་འཆར་དང་གྲོས་གཞི་298བསྡུ་ལེན་བྱས།

           བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བཀོལ་སྤྱོད་འབུར་ཐོན་བྱས། གྲུབ་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱ་གཞིའི་ཇུས་གཞི་གཏན་འབེབས་བྱས་ཏེ་ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ས་གནས་གཅིག་དང་ཁུལ་གསུམ། མཛོད་དགེ་འཛུགས་སྐྲུན་མགྱོགས་སུ་གཏོང་བར་དམིགས་ནས་གོམ་གང་མདུན་སྤོས་སྒོས་བརྟག་དཔྱད་ཞིབ་འཇུག་གི་དམིགས་ཡུལ་སྔར་བས་ཁ་གསལ་བཟོས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།