རྒྱལ་ཁམས་ལྟ་བའི་མེ་ལོང་།

​ཡུན་ནན་ཞིང་ཆེན་ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་རུན་ལི་གྲོང་ཁྱེར་གྱི་ཀྲུང་གོ་དང་འབར་མའི་ས་མཚམས་ཅེ་ཀའོ་ཡི་རྒྱལ་སྒོའི་དཔེ་མཛོད་ཁང་།

རྩོམ་པ་པོ།   དུས་ཚོད།   2019-12-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ནང་དོན་རགས་བཀོད།

           2009ལོར་ཏེ་ཧུང་སྨྱན་སྦྱོར་ཚོགས་པས་རྒྱལ་ཁབ་རིམ་གཅིག་གི་གྲུ་ཁ་སྟེ་ཏེ་ཧུང་ཁུལ་རུན་ལི་གྲོང་ཁྱེར་གྱི་ཀྲུང་གོ་དང་འབར་མའི་ས་མཚམས་ཅེ་ཀའོ་ཡི་རྒྱལ་སྒོའི་དཔེ་མཛོད་ཁང་བཙུགས་པས། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྤེལ་རེས་བྱེད་པར་འབྲེལ་ཟམ་ལེགས་པོ་ཆགས་ཡོད། 

            རྒྱུས་ལོན་བྱས་པ་ལྟར་ན། རྒྱལ་སྒོའི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི་གཅིག་ལྷག་ཡོད་དེ། རྩོམ་རིག་དང་གསོ་རིག ལོ་རྒྱུས། ས་ཁམས། ཞིང་ལས་སོགས་ཀྱི་ནང་དོན་འདུས་ཡོད་པར་མ་ཟད། ཚགས་པར་དང་དུས་དེབ་སོགས་མང་བོ་ཉར་ཚགས་བྱས་ཡོད་པས་། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་མི་སེར་ཚོས་རིག་གནས་དང་གོམས་གཤིས་སོགས་ཕན་ཚུན་རྒྱུས་ལོན་བྱེད་པར་སྟོབས་བདེ་བཟོས་ཡོད། ད་རུང་དཔེ་དེབ་ལྟ་མོས་ཡོད་མཁན་སུ་ཡིན་རུང་རིན་མི་དགོས་པར་གཡར་ནས་ལྟོས་ཆོག མིག་སྔར་བར་དུ་དཔེ་མཛོད་ཁང་གིས་མི་ཐེངས་ཁྲི་20ལ་རིན་མི་དགོས་པར་དཔེ་དེབ་གཡར་བ་དང་དཔེ་དེབ་སོགས་རིག་གནས་ཀྱི་ཐོན་རྫས་ཁྲི་300ལྷག་རིན་མི་དགོས་པར་གཞན་ལ་སྟེར་ཡོད་པ་མ་ཚད། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་མི་སེར་ལ་རིན་མི་དགོས་པའི་འབར་ཡིག་དང་རྒྱ་ཡིག་གི་གསོ་སྦྱོང་སྤེལ་བ་དང་། དུས་བཅད་དང་དུས་བཅད་མེད་པའི་སྒོ་ནས་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྐོར་འཆད་ཁྲིད་དང་བགྲོ་གླེང་སོགས་ཀྱི་བྱ་འགུལ་སྤེལ་ནས་དཔེ་མཛོད་ཁང་གི་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཀྱིན་ཡོད།།

གསར་འགོད་པ། ཀོ་དོ་མཁན་པོ་དང་དབང་མོ། ཡོན་ལྷ། མགོན་པོ་བཀྲ་ཤིས།