སྤྱང་ཀི་སླེབས་བྱུང་།

རྩོམ་པ་པོ།   དུས་ཚོད།   2019-12-09   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

                          

              གནའ་སྔ་མོ་ཞིག་ལ། ས་ཆ་ཞིག་ཏུ་ལུག་རྫི་ཆུང་ཆུང་ཞིག་ཡོད་ཅིང་ཁོས་ཁོང་ཚོའི་སྡེ་གཞུང་གི་ལུག་ཁྱུ་འཚོ་སྐྱོང་བྱེད་བཞིན་ཡོད། ཁོས་ནམ་རྒྱུན་ལུག་ཁྱུ་རི་སྒང་དུ་འཚོ་བཞིན་ཡོད་མོད། དགོང་ཁར།  ལུག་ཁྱུ་ལྷས་རར་བསྐོར་རྗེས་ཁོ་ལ་ཁེར་རྐྱང་གི་ཚོར་བ་ཞིག་ངང་གིས་སྐྱེས་པས་དུས་རྒྱུན་སྤྲོ་སྣང་ཞིག་གི་བསམ་འདུན་བློ་ངོར་འཆར་གྱིན་འདུག དེ་ལྟར་ཟླ་ངོ་དུ་མ་ཞིག་འདས་ཀྱང་ཁོ་བོས་སྤྱང་ཀི་ཞིག་ཡེ་ནས་མ་མཐོང་བར་བསམ་ནས། ཉིན་ཞིག་ལ། ཁོས་ལུག་ཁྱུའི་ནང་དུ་སྤྱང་ཀི་ཞིག་རྒྱུག་པའི་འཁྲབ་སྟོན་ཞིག་བྱེད་པར་ཐག་གིས་བཅད་དེ། “སྤྱང་ཀི་རྒྱུག་བཏང་ཐལ། སྤྱང་ཀི་རྒྱུག་བཏང་ཐལ། སྤྱང་ཀི་ལུག་ནང་དུ་རྒྱུག་ནས་ལུག་གཉིས་བསད་བཏང་ཐལ།”ཞེས་འབོད་སྐད་བརྒྱབ། དེ་མུར་སྡེ་མི་རྣམས་སྤྱང་ཀི་བདའ་བར་མྱུར་མོས་རྒྱུག་ཡོང་བ་ན། སྤྱང་ཀི་མེད་པར་མ་ཟད། ལུག་རྫི་ཆུང་ཆུང་དེས་རྫུན་ཉམས་གདོང་ནས་མངོན་དེ་བཞད་གད་དང་བཅས་བཤད་རྒྱུར། “ངས་ཁྱེད་ཚོར་མགོ་བསྐོར་བཏང་བ་ཡིན། འདིར་སྤྱང་ཀི་མི་འདུག ཧ་ཧ་ཧ། ཅི་འདྲའི་སྐྱིད་པ་ལ། ང་ད་ལྟའི་བར་དུ་འདི་འདྲ་ཞིག་བགད་མ་མྱོང་། ”ཞེས་བཤད།

             ཁོས་དེ་ལྟར་ཐེངས་གཉིས་ཙམ་ལ་སྡེ་མི་རྣམས་ལ་མགོ་སྐོར་བཏང་བ་དང་། སྡེ་མི་རྣམས་ཀྱང་མགོ་སྐོར་གཏོང་ཐེངས་རེར་སྤྱང་བདའ་ལ་རྒྱུགས་ཡོང་བ་ན་སྤྱང་ཀི་མི་འདུག་པས། སྡེ་མི་རྣམས་ཀྱི་ཁོས་ཡང་ང་ཚོར་མགོ་སྐོར་བཏང་འདུག་ཟེར་ཞོར་ཕྱིར་སྡེ་བའི་ནང་དུ་བུད་འགྲོ།

              རྒྱུ་རྐྱེན་གང་རུང་ཞིག་གི་དབང་གིས་ཉིན་ཞིག་གི་ཞོགས་པར་དངོས་གནས་ལུག་ཁྱུར་སྤྱང་ཀི་རྒྱུགས་བྱུང་།ལུག་རྫི་ཆུང་ཆུང་དེས། “ སྤྱང་ཀི་རྒྱུག་བཏང་ཐལ། སྤྱང་ཀི་རྒྱུག་བཏང་ཐལ། རེམ་མ་ཤོག སྤྱང་ཀིས་ལུག་གསུམ་བསད་བཏང་ཟིག རེམ་མ་ཤོག ང་ལ་རོགས་རམ་བྱོས”ཞེས་འབོད་སྐད་ཇི་ལྟར་བཏང་ཡང་སྡེ་མི་རྣམས་ཀྱིས་ཁོས་ང་ཚོར་མགོ་སྐོར་ཐེངས་གསུམ་ལ་བཏང་ནས་ད་ཐེངས་ཡང་མགོ་སྐོར་གཏོང་གི་ཡོད་པ་རེད་ཅེས་ཟེར་ཞོར་ཁྱིམ་ནས་ལྷོད་ལྷོད་ངང་བསྡད།

              དེར་བརྟེན། ལུག་རྫི་ཆུང་ཆུང་དེས་སྤྱང་ཀི་འགོག་མ་ཐུབ་པར་ལུག་མང་པོ་ཞིག་སྤྱང་ཀིས་བསད་པས་སེམས་རབ་ཏུ་སྡུག་སྟེ་ཐོག་མ་ནས་སྡེ་དམངས་ལ་མགོ་སྐོར་བཏང་མེད་ན་བསམ་ནས་གནོང་འགྱོད་སྐྱེས། དེ་ནས་བཟུང་ལུག་རྫི་ཆུང་ཆུང་དེས་མི་རློམ་པ་གཅིག་བྱས་ན་མི་རློམ་མཁན་བརྒྱ་ཡོད་པའི་གནས་ལུགས་ཤེས་སོང་བ་རེད།


 རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།