ཟྭ་ཚོད།(ཚོད་མ།)

རྩོམ་པ་པོ།   དུས་ཚོད།   2019-12-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྒྱུ་ཆ།  

         ཟྭ་ཚོད།  ནས་ཕྱེ་རགས་མོ།  ཤ་ཚིལ།  ཚྭ།

བཟོ་སྟངས།  

              ཆུ་ཁོལ་དུ་ཟྭ་ཚོད་སྐམ་པོ་ཞིབ་བུར་འཐག་པ་དེ་དང་།  ནས་ཕྱེ་རགས་མོ།  ཤ་ཚིལ་གཏུབ་མ་བཅས་མཉམ་དུ་བསྲེས་ནས་ཉོག་གཡོ་བ་དང་།  དེ་ནས་དབྱིབས་གོར་མོར་བཟོས་པའི་བག་ལེབ་སྲབ་མོའི་ཁུག་ཏུ་ཉིས་ལྟེབ་ངང་གཅུད་དེ་རླངས་ཚགས་སུ་བཞག་ནས་བཙོས་པས་ཆོག  

ཕན་ནུས།  

ཕོ་་བའི་དྲོད་སྐྱེལ་རླུང་འཇོམས་ཤིང་།།

ཚད་པ་རྙིང་བ་སེལ་བར་བྱེད།།

ལྟོ་སྙི་རླུང་གནོད་སྔོ་རྔད་འཇུ།  །

བད་མཁྲིས་ཁྲག་ན་སློང་བར་བྱེད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།