ཁུལ་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་འགོ་ཁྲིད་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས།

རྩོམ་པ་པོ།   དུས་ཚོད།   2019-11-26   རྩོམ་ཁུངས།   

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཁུལ་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་འགོ་ཁྲིད་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གྲོས་ཚོགས་སུ་ཕེབས་ནས་གསུང་བཤད་གནང་།

             གྲོས་ཚོགས་སུ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ། 《2019ལོར་རང་ཁུལ་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་ལས་ཀ་སྤེལ་ཚུལ་སྐོར་གྱི་སྙན་ཞུ》དང《རྔ་བ་ཁུལ་གྱི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་ལག་བསྟར་བྱེད་ཐབས(གྲོས་ཞིབ་ཞུ་བའི་མ་ཡིག)》《རྔ་བ་ཁུལ་གྱི་ལས་ཁུངས་དོན་ལས་སྡེ་ཁག་གི་ལས་ཀ་བའི་སྨན་བཅོས་འགན་ལེན་གྱི་ཁ་གསབ་ལག་བསྟར་བྱེད་ཐབས(གྲོས་ཞིབ་ཞུ་བའི་མ་ཡིག)》སོགས་ཀྱི་དོན་དག་ལ་ཉན་ཞིང་གྲོས་ཞིབ་བྱས། ཝུན་ཁྲོན་རྫོང་དང་གཟི་རྩ་སྡེ་དགུ་རྫོང་གིས་གྲོས་ཚོགས་སུ་བསམ་འཆར་བརྗེ་རེས་བྱ་བའི་གཏམ་བཤད།།


རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།