ཆུ་ཆེན་རྫོང་གི་ལྗོངས་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན།

རྩོམ་པ་པོ།   དུས་ཚོད།   2019-11-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


              ཉེ་ཆར། 2019ལོའི་སི་ཁྲོན་ལོ་དམར་སྐྱེ་ཁམས་དུས་སྟོན་དང་ཆུ་ཆེན་གྱི་ཆང་བ་ལིའི་གནའ་སྡོང་ལོ་དམར་དུས་སྟོན་ཆུ་ཆེན་རྫོང་གི་གསལ་ཡུལ་ཚོར་སྤེལ་མགོ་ཚུགས།

              ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་ཞིང་ལས་དང་ལྗོངས་སྐོར་ཕན་ཚུན་མཉམ་འདྲེས་དང་། ལས་བཟོ་དང་ལྗོངས་སྐོར་ཕན་ཚུན་མཉམ་འདྲེས། རིག་གནས་དང་ལྗོངས་སྐོར་ཕན་ཚུན་མཉམ་འདྲེས། ནགས་ཚལ་དང་ལྗོངས་སྐོར་ཕན་ཚུན་མཉམ་འདྲེས་ཞེས་པའི་རིག་ལམ་ལྟར། ཁོངས་ཡོངས་ལྗོངས་སྐོར་གྱི་ཆགས་སྟངས་གསར་བ་བཙུགས་པས། ཆང་བ་ལིའི་མེ་ཏོག་གི་དུས་སྟོན་དང་ལོ་དམར་དུས་སྟོན་གཉིས་ནི་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་དུས་སྟོན་ཞིག་ཏུ་གྱུར་ཡོད་པས། ཆུ་ཆེན་རྫོང་གི་ལྗོངས་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།