གཡོས།

རྩོམ་པ་པོ།   དུས་ཚོད།   2019-11-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྒྱུ་ཆ།

         སྐམས་ལུག་གི་རྒྱུ་དཀར། ཤ་ཞིབ་བུ། ཚིལ། ཚྭ། གྲོ་ཕྱེའམ་རྩམ་པ། 

         བཟོ་སྟངས། 

         ཤ་དང་ཚིལ་ཞིབ་བུར་གཏུབས་ཤིང་ཚྭ་ནང་དུ་བསྲེས་ནས་གཙང་མར་བཀྲུས་པའི་སྐམས་ལུག་གི་རྒྱུ་དཀར་གྱི་ཁ་ནང་དུ་བསྟིབས་ནས་རྒྱུ་ཚིལ་ནང་དུ་ཁེལ་བར་བྱས་དེ་ལྡུག་དགོས། གཞན་གཡོས་ལྡུག་སྐབས་གྲོ་ཕྱེའམ་རྩམ་པ་ཉུང་ཙམ་རེ་བཏབ་ན་ལྡུག་སླ་མོ་ཡིན། མཐར་ཆུ་ཁོལ་གྱི་ནང་དུ་བཙོས་པས་ཆོག

          ཕན་ནུས། 

       རུ་གཟེར་འཇོམས་ཤིང་དྭངས་མའི་དུག་རྣམས་ཞི། །

  ལུས་ཀྱི་དྲོད་སྐྱེད་བད་རླུང་སེལ་བར་བྱེད། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།