ཟུང་ཆུ་རྫོང་གིས་ལོ་བཅོ་ལྔར་སློབ་ཡོན་མི་ལེན་པའི་སློབ་གསོའི་སྲིད་ཇུས་ ལག་བསྟར་གཏིང་ཟབ་བྱས།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར།དུས་ཚོད།   2019-11-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་ཆེད། ད་ལོར་ཟུང་ཆུ་རྫོང་གིས་དོན་དངོས་ལ་གཞིགས་ནས་བྱེད་ཐབས་མང་བོ་སྤྱད་དེ་ལོ་བཅོ་ལྔར་སློབ་ཡོན་མི་ལེན་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས།

སློབ་ཞུགས་གོང་གི་ལོ་གསུམ་གྱི་རིང་གི་གཞུང་གཉེར་བྱིས་པ་ཁང་གི་སློབ་གསོའི་གྲོན་དངུལ་ཁྱོན་ཡོངས་ནས་རྩ་ཆག་བཏང་བ་དང་། སློབ་མ་རེར་ཆ་སྙོམས་སྒོར་1200ཡི་ཚད་གཞི་ལྟར་སློབ་ཞུགས་གོང་གི་བྱིས་པ་ཁང་གི་བྱིས་པའི་སློབ་གསོའི་གྲོན་དངུལ་རྩ་ཆག་གཏོང་རྒྱུ་དང་། ལོ་རེར་ཆ་སྙོམས་སྒོར་800ཡི་ཚད་གཞི་ལྟར་དགུང་ཟས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་བྱས། མིག་སྔར། བྱིས་པའི་སློབ་གསོའི་འགན་ལེན་གྲོན་དངུལ་སྒོར་ཁྲི་292.356དང་བྱིས་པའི་དགུང་ཟས་ཀྱི་གསབ་དངུལ་སྒོར་ཁྲི་145.64སྤྲད་ཡོད།

འོས་འགན་སློབ་གསོའི་སློབ་མར་གསུམ་ཆག་གཉིས་གསབ་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས། 《སི་ཁྲོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་ལོ་བཅུའི་འགུལ་སྤྱོད་འཆར་གཞི(2011ལོ་ནས་2020ལོའི་བར)》 ནན་ཏན་གྱིས་ལག་བསྟར་བྱས། 2019ལོའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སློབ་ཡོན་སྒོར་ཁྲི་517.88དང་སློབ་དེབ་ཀྱི་འགྲོ་གྲོན་སྒོར་ཁྲི་36.7772།འབྲི་དེབ་སོགས་ཀྱི་འགྲོ་གྲོན་སྒོར་ཁྲི་15.8966རྩ་ཆག་ཏུ་བཏང་། འོས་འགན་སློབ་གསོའི་རྩ་ཆག་གསུམ་གྱི་རྨང་གཞིའི་ཐོག་སློབ་མ་རེར་ཆ་སྙོམས་སྒོར་1700ཡི་ཁ་གསབ་ཚད་གཞི་ལྟར་སྤྲད་པ། ཟླ་10བའི་མཚམས་སུ། རྫོང་ཡོངས་ཀྱི་དཔྱིད་དུས་སློབ་སྐབས་སུ་ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སློབ་མ་3818དང་སྟོན་དུས་སློབ་སྐབས་སུ་ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སློབ་མ་3892ལ་འཚོ་བའི་ཁ་གསབ་སྒོར་ཁྲི་515.049སྤྲད།

              གཞུང་བཙུགས་སློབ་གྲྭའི་སློབ་ཡོན་ཁྱོན་ཡོངས་ནས་རྩ་ཆག་བཏང་། ལོ་རེར་ཆ་སྙོམས་སྒོར་1200ཡི་ཚད་གཞི་ལྟར། ལོ་3རིང་གི་སློབ་ཡོན་ཁྱོན་ཡོངས་ནས་རྩ་ཆག་བཏང་བ་དང་། མིག་སྔར། ཁྱོན་གྲོན་དངུལ་སྒོར་ཁྲི་94.875སྤྲད་ཟིན། ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་600ཡི་ཚད་གཞི་དང་། ལོ་རེར་ཆ་སྙོམས་སྒོར་2000གི་ཚད་གཞི་ལྟར་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་སྤྲད།

              ས་བབ་མཐོ་བའི་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་དྲོད་ལེན་ཁྱོན་ཡོངས་ནས་ཐག་གཅོད་བྱས། ས་བབ་མཐོ་བའི་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་5774ཡི་དྲོད་ལེན་གནད་དོན་ཐག་གཅོད་བྱེད་པར་ད་ལོར་སྒོར་ཁྲི་115.48བཏང་ངོ་།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།