ཁེད།

རྩོམ་པ་པོ།   དུས་ཚོད།   2019-11-05   རྩོམ་ཁུངས།   

རིང་གི་ཟེར་ན་ང་ལས་རིང་ཞིག་མེད། 

སྟོད་རྒྱ་གར་ཡུལ་ལ་ང་རང་ཐོན། 

ཐུང་གི་ཟེར་ན་ང་ལས་ཐུང་ཞིག་མེད། 

ཆུ་མོའི་ཕར་ཁར་ང་མི་ཐོན། 

       ལན། ལམ། 


རིང་རྒྱུ་དེའི་རིང་མེད། 

ཁྱིའི་ལྟོ་ལ་མི་ཐུག

      ལན། ལམ། 

 

མགོ་ཡིད་བཞིན་ནོར་བུ། 

བར་སྨྱུག་མ་ཚིགས་དྲུག

ཞབས་བྱ་བྱེའུ་སྡེར་མོ།

      ལན། ལོ་ཏོག

 

ཨ་མཚོ་མཚོ་ཡི་མཚོ་ནང་ན།

སྒོ་ང་དྲུག་གསུམ་བཅོ་བརྒྱད་ཡོད། 

སྒོང་ཕྲུག་སུམ་བརྒྱ་དྲུག་ཅུ་ཡོད།

     ལན། འབྲུ་ཡི་སྙེ་མ།


བུ་ཆུང་རེ་ལ་ཁང་ཆུང་རེ།

ཁང་ཆུང་རེ་ལ་དར་ལྕོག་རེ། 

     ལན། ནས་ཀྱི་སྙེ་མ།


རྩ་བ་གཅིག་ལ་རྩེ་མོ་བརྒྱ།

རྩེ་མོ་གཅིག་ལ་ལྷ་ཁང་བརྒྱ།

ལྷ་ཁང་བརྒྱ་ལ་ལྷ་ཕྲུག་བརྒྱ།

     ལན། ནས་ཀྱི་སྙེ་མ།


གུར་དཀར་པོ་གསེར་གྱི་རྩིབས་རྟ་ཅན།

ནང་ཀ་བ་གཅིག་གིས་གནམ་ལ་བཀྱགས།

      ལན། ཤ་མོ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།