རོལ་རྩེད་ཀྱིས་བྱིས་པའི་མི་ཚེ་བརླག་ཏུ་མ་འཇུག

རྩོམ་པ་པོ།   དུས་ཚོད།   2019-10-25   རྩོམ་ཁུངས།    མཐོ་བོ་སྤྱི་སྟེངས།

                 མི་རིང་བའི་སྔོན་ལ། སི་ཝེས་ཙིར་གྱི་གྷེ་ནེ་ཝ་རུ་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྟེང་།  རོལ་རྩེད་ཀྱི་དབྱིངས་སུ་ཚུད་པ(游戏成瘾 Gaming disorder)ཞེས་པ་པར་གཞི་གསར་བའི<<རྒྱལ་སྤྱིའི་ནད་རིགས་རིགས་དབྱེ>>(ICD-11)ཡི་ནད་རིགས་ཤིག་ཏུ་གྱུར་བ་གཏན་ཁེལ་བྱས། 

                ཀྲུང་གོའི་ཚན་རིག་སློབ་གླིང་གི་ཡོན་ཧྲི། པེ་ཅིང་སློབ་ཆེན་གྱི་སྨན་ཁང་དྲུག་པའི་གླིང་གཙོ་ལུའུ་ལིན་གྱིས་བརྗོད་རྒྱུར“རོལ་རྩེད་ཀྱི་དབྱིངས་སུ་ཚུད་པ་ནི་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རོལ་རྩེད་ཀྱི་དབྱིངས་སུ་ཚུད་པ་ནི་ནད་རིགས་ཀྱི་གྲས་སུ་བགྲངས་བ་ནི།སྤྱི་ཚོགས་ཀྱིས་འདིའི་རིགས་ཀྱི་ནད་རིགས་ལ་དོ་སྣང་དང་། སྔོན་འགོག ཇུས་གཏོགས་བྱ་དགོས་པར་འབོད་སྐུལ་གནང་བ་ཡིན”

                 དེ་ཡང‘‘རོལ་རྩེད་ནི་རལ་གྲི་ངོ་གཉིས་མ་ལྟ་བུ་ཡིན་ཞིང་། ཚུལ་མཐུན་ངང་བཀོལ་སྤྱོད་བྱེད་ཚེ། རོལ་རྩེད་དང་ལྷོད་གཡེང་།ཐ་ན་ཤེས་རྟོགས་འཐུས་ཚང་དང་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བྱེད་ནུས་ཇེ་མཐོར་གཏོང་ཐུབ། ཡིན་ཡང་། ཞིབ་འཇུག་ར་སྤྲོད་ལྟར་ན། ཚད་ལས་བརྒལ་བའི་རོལ་རྩེད་ཀྱིས་མི་སྒེར་གྱི་བདེ་ཐང་ངམ་སྤྱི་ཚོགས་ཀྱི་འགན་ནུས་ལ་མངོན་གསལ་གྱིས་རྨ་ཁ་བཟོ་སྲིད་པས། འདི་ནི ICD-11 གིས་རོལ་རྩེད་དེའི་ཁྲོད་དུ་འཇུག་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཡིན།”འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རོལ་རྩེད་ཀྱི་དབྱིངས་སུ་ཚུད་པའི་ཡུལ་དངོས་ཞིབ་འཇུག་ལས་དོན་གྱི་ཆེད་མཁས་པ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་དབང་རྩའི་འཕྲོད་བསྟེན་ལྟེ་གནས་ཀྱི་ཏང་ཨུ་ཧྲུའུ་ཅི་གཞོན་པ་ཀྲའོ་མེན་གྱིས་ངོ་སྤྲོད་གནང་རྒྱུར། རོལ་རྩེད་ཀྱི་དབྱིངས་སུ་ཚུད་པ་དེ་ནད་དཔྱད་རིགས་གསར་བ་ཞིག་ཡིན་པའི་ཆ་ནས། དེས་ཚད་ལྡན་གྱིས་དཔྱད་འཇོག་དང་སྨན་བཅོས། ཞིབ་འཇུག་གི་སྤུས་ཚད་ཇེ་མཐོར་གཏོང་བར་ཕན་པ་དང་། མི་མང་པོ་ཞིག་ལ་བདེ་ཐང་གི་རོལ་རྩེད་བེད་སྤྱོད་ཀྱི་རྣམ་པ་ཞིག་འཛུགས་པར་རོགས་རམ་བྱ་ཐུབ།  

            

             རོལ་རྩེད་ཀྱི་དབྱིངས་སུ་ཚུད་པར་མཚོན་ན། མིག་སྔར་མ་དཔེ་ཆེན་པོའི་ནད་ཡམས་བརྟག་དཔྱད་ཀྱི་གཞི་གྲངས་དཀོན། འབྲེལ་ཡོད་ཞིབ་འཇུག་ལས་བསྟན་དོན། རོལ་རྩེད་ཀྱི་དབྱིངས་སུ་ཚུད་པའི་ཚད་ནི་ཕ་ལམ0.7%~27.5%ཡིན་ཞིང་། མོ་ལས་ཕོ་མང་པོ་འདུག ལོ་ཆུང་དང་གཞོན་ནུའི་གྲངས་འབོར་གྱིས་མང་ཤོས་ཟིན་འདུག ཀྲའོ་མེན་གྱིས་གསལ་བཤད་གནང་རྒྱུ། ལོ་ཆུང་གཞོན་ནུ་རྣམས་ཀྱི་ཤེས་རྟོགས་ད་དུང་ཆགས་བཞིན་པའི་སྒང་ཡིན་པས། ཕྱི་རོལ་ཡུལ་གྱི་ཤན་ཤུགས་ཐེབས་སླ། དེ་བས་མཉམ་འཇོག་དགོས་ས་ཞིག་ནི། གྲོང་གསེབ་ནི་གཞིས་སྲུང་དང་སློབ་གསོའི་མཁའ་དབུགས་ཞན་པས། གྲོང་ཁྱེར་དང་བསྡུར་ཚེ། རོལ་རྩེད་ཀྱི་དབྱིངས་སུ་ཚུད་པའི་གནས་བབ་དེ་ལས་ཚབས་ཆེན་དུ་གྱུར། 

              གཅིག ལོ་ན4-6སྔོན་གྱི་ནད་པར་རྦད་དེ་དྲ་རྒྱ་བཀོལ་མཚམས་འཇོག་ཏུ་བཅུག་སྟེ། དངོས་པོ་གཞན་དག་གིས་ཚབ་བྱ་དགོས་ཏེ། དཔེར་ན་ལུས་སྦྱོང་དང་གླུ་གཞས་ལེན་པ་སོགས་བྱ་དགོས། དུས་རིམ་གཉིས་པར་བདེ་ཐང་ངམ་ཚུལ་མཐུན་ངང་དྲ་རྒྱ་བཀོལ་དུ་འཇུག་རྒྱུ། དཔེར་ན། རོལ་རྩེད་རྩེད་རྒྱུའི་དུས་ཚོད་ཉིན་གཅིག་གི་ནང་ཆུ་ཚོད་གཉིས་ཀྱི་ནང་ཚུན་དུ་བཀོལ་རྒྱུ་ཚོད་འཛིན་བྱ་རྒྱུ།

              གཉིས། སྔོན་ནས་རྟོགས་པ་དང་སྔ་ས་ནས་ཐེ་གཏོགས་བྱ་དགོས། རོལ་རྩེད་ཀྱི་འགལ་རྐྱེན་གྱིས་སྐྱེ་ཁམས་དང་། སེམས་ཁམས། སྤྱི་ཚོགས་ཀྱི་གནད་དོན་སོགས་རབ་དང་རིམ་པས། རོལ་རྩེད་དབྱིངས་སུ་ཚུད་མཁན་གྱི་ནད་པར་གཟུགས་ཕུང་ཞན་པ་དང་། སེམས་ཁྲལ་དང་ཡི་མུག་པ། མི་གཤིས་ཀྱི་འགྱུར་བག སྤྱི་ཚོགས་འབྲེལ་འདྲིས་ཀྱི་འཇིགས་སྣང་སོགས་གནད་དོན་འབྱུང་སྲིད་ཅིང་། ཐ་ན་ནག་ཉེས་ཡང་གསོག་སྲིད། གནད་དོན་འདིའི་རིགས་ལ་གཞིག་ནས།  “ནད་རིགས་གང་ཞིག་ཡིན་རུང་། སྔོན་འགོག་བྱ་རྒྱུ་གཙོ་བོ་ཡིན། སྔོན་ལ་རྟོགས་པ་དང་སྔ་ས་ནས་ཐེ་གཏོགས་བྱ་དགོས། ཁྱིམ་བདག་གམ། སྤྱི་ཚོགས་དང་ཡང་ན་ལས་གཉེར་མཁན་སུ་ཞིག་ཡིན་རུང་། རོལ་རྩེད་ཀྱི་དབྱིངས་སུ་ཚུད་པའི་རང་ངོས་ཁོ་ནར་དོ་སྣང་མི་བྱེད་པར། ལོ་ཆུང་གཞོན་ནུའི་སྐྱེ་ཁམས་དང་སེམས་ཁམས་བདེ་ཐང་གཙིག་ཆེན་དུ་འཛིན་དགོས།”

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།