ནར་མ་སོན་པའི་མི་རོལ་རྩེད་ཁང་དུ་འགྲོ་ཆོག་གམ།

རྩོམ་པ་པོ།   དུས་ཚོད།   2019-10-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


         【གྱོད་དཔེ།】

          དབྱར་གནང་སྐབས་སུ། ལོ་ན་བརྒྱད་ལས་སོན་མེད་པའི་བུ་ཆུང་རིག་ཡག་ཨ་ཅེ་མཚོ་མོ་ཚང་ལ་རྩེད་མོ་རྩེར་སོང་། ཉིན་ཞིག ཨ་ཅེ་མཚོ་མོ་སློབ་གྲོགས་ཁ་ཤས་དང་ལྷན་དུ་གར་ཚོམས་སུ་རྩེད་མོ་རྩེར་འགྲོ་བའི་ཉེར་བསྡོགས་བྱེད་པ་ན། བུ་ཆུང་རིག་ཡག་ཁོ་ཚོ་དང་མཉམ་དུ་གླུ་ལེན་གར་རྩེ་ལ་འགྲོ་བར་འདོད་དེ། ཨ་ཅེ་མཚོ་མོ་ལ་བཤད་པ་ན། ཨ་ཅེ་ན་རེ། ནར་མ་སོན་པའི་མི་རོལ་རྩེད་ཁང་དུ་འགྲོ་མི་རུང་། ཞེས་སྨྲས། དེས་ན། བུ་ཆུང་རིག་ཡག་གར་ཚོམས་སུ་སོང་ནས་གླུ་ལེན་གར་རྩེ་ལ་རོལ་ཆོག་གམ།

         【བཅའ་ཁྲིམས་དབྱེ་ཞིབ།】

           ནར་མ་སོན་པའི་མི་རོལ་རྩེད་ཁང་དུ་འགྲོ་བར་དགག་བྱ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཁོ་ཚོའི་ལུས་པོའི་བདེ་ཐང་དང་སེམས་ཁམས་ལ་གནོད་པས་ཡིན། ནར་མ་སོན་པའི་མིའི་སྲུང་སྐྱོབ་ཁྲིམས་སུ། ཚོང་གཉེར་ངོ་བོ་ལྡན་པའི་གར་ཚོམས་དང་། དྲྭ་ཁང་སོགས་སུ་འགྲོ་བ་དགག་བྱ་ཡིན་པ་གསལ་བོར་བསྟན་ཡོད། རྒྱལ་ཁབ་ཀྱིས་བཀས་བཅད་པའི་ངལ་གསོའི་ཉིན་མོར་གློག་རྡུལ་རྩེད་མོ་ཁང་གི་སྒོ་ཕྱེས་ཆོག་པ་ལས། གང་དགར་སྒོ་ཕྱེས་ན་དོ་དམ་སྡེ་ཁག་གིས་དྲན་པས་བསྐུལ་ཏེ། མཚམས་འཇོག་ཏུ་འཇུག་པའམ་ཆད་པ་གང་འཚམ་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། བཟོ་ཚོང་སྡེ་ཁག་གིས་ཚོང་གཉེར་དཔང་ཡིག་མེད་པར་བཟོས་ཆོག

         【བཅའ་ཁྲིམས་ཀྱི་ཤེས་བྱ།】

          ནར་མ་སོན་པའི་མིའི་སྲུང་སྐྱོབ་ཁྲིམས་ཀྱི་དོན་ཚན་སོར་དྲུག་པར། སློབ་གྲྭ་ཆུང་འབྲིང་གི་ཁོ་ར་ཁོར་ཡུག་ཏུ། ནར་མ་སོན་པའི་མིའི་འཚར་ལོངས་དང་མི་འཚམ་པའི་ཚོང་གཉེར་གྱི་ངོ་བོ་ལྡན་པའི་གར་ཚོམས་དང་དྲྭ་ཁང་སོགས་གཉེར་བ་དགག་བྱ་ཡིན་པ་བཀས་བཅད་དོ།།

         【མཆན།】

           ལུས་ཆད། ལུས་ཀྱི་ཡན་ལག་གི་ཆད་པ་སྟེ། ལངས་པ་དང་ཙོག་པུར་འདུག་པ། ལག་ཟུང་གྱེན་དུ་ཕྱོགས་པ། པུས་མོ་སར་འཛུགས་པ་དང་། ལག་མཐིལ་ལ་དབྱུག་པས་གཞུ་བ་སོགས་ཏེ། དེ་ལ་མིང་ཞིག་བཏགས་པར་ལུས་ཆད(体罚/corporal punishment)ཟེར།

          གར་ཚོམས། གླུ་ལེན་གར་རྩེ་དང་འཁྲབ་སྟོན་བྱེད་སའི་ཚོམས་ཆེན་ཏེ། དེ་ལ་མིང་ཞིག་བཏགས་པར་གར་ཚོམས(舞厅/ballroom)ཟེར།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།