རང་ཁུལ་གྱིས་ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་བ།

རྩོམ་པ་པོ།   མགོན་པོ་ཚེ་བརྟན།དུས་ཚོད།   2019-10-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              མིག་སྔར། གསར་འགོད་པས་ཁུལ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་དུ་རང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱད་ནས། གསོ་རིག་སྐོར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།

            ཀྲུང་དབྱང་དང་ཞིང་ཆེན་གྱི་རྣམ་གྲངས་མ་དངུལ་སྒོར་ཁྲི་4360བརྩོན་ལེན་བྱས་ནས་ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། དེའི་ནང་རྫོང་དང་གྲོང་ཁྱེར་13གྱི་མི་རིགས་སྨན་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཀྲུང་དབྱང་གི་མ་དངུལ་སྒོར་ཁྲི་1300བཏང་བ་དང་། འཛམ་ཐང་སོགས་རྫོང་7གྱི་མི་རིགས་སྨན་ཁང་གི་ཞན་ཆར་དམིགས་ནས་ཞིང་ཆེན་རིམ་པའི་མ་དངུལ་སྒོར་ཁྲི་700བཏང་། མའོ་རྫོང་གི་ཀྲུང་ལུགས་སྨན་ཁང་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་ལག་རྩལ་ཐོག་ཁང་བསྐྱར་སྐྲུན་རྣམ་གྲངས་ལ་ཀྲུང་དབྱང་གི་མ་དངུལ་སྒོར་ཁྲི་2360བཅས་བཏང་ཡོད་པ་རེད།

           མགྱོགས་མྱུར་སྒོས་ཀྲུང་ལུགས་དང་མི་རིགས་སྨན་ཁང་འཛུགས་སྐྲུན་གྱི་ཚད་གཞི་ལོན་པར་བྱ་ཆེད། ཞིང་ཆེན་རིམ་པའི་ཆེད་མཁས་པས་ཁྲོ་ཆུ་རྫོང་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་དེ་ཞིབ་བཤེར་རྩིས་ལེན་བྱས་ནས་རིམ་པ་གཉིས་པའི་ཚད་ལོན་པ་དང་། དེ་མིན་གྱི་རྫོང་6གི་མི་རིགས་སྨན་ཁང་དག་གསར་འཛུགས་དང་བསྐྱར་ཞིབ་བྱེད་པའི་གྲ་སྒྲིག་ལས་ཀ་ལེགས་གྲུབ་བྱུང་ཡོད་པ་རེད།

            ཆའང་རིགས་སྨན་རྫས་སློབ་དེབ་ཀྱི་རྩོམ་སྒྲིག་ལས་དོན་ལ་སྐུལ་འདེད་ནན་མོ་བྱས་ཏེ། ཞིང་ཆེན་རིམ་པའི་མ་དངུལ་སྒོར་ཁྲི་40བརྩོན་ལེན་བྱས་ཏེ《ཆའང་རིགས་གསོ་རིག་ཀུན་འདུས》སོགས་སློབ་དེབ་བཞི་ལེགས་གྲུབ་ཟིན་ནས་ཆེད་མཁས་པས་དཔྱད་ཞིབ་བྱེད་བཞིན་ཡོད་པ་རེད།

           མི་རིགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ལུགས་གསོ་རིག་དང་ཆའང་རིགས་གསོ་རིག་གི་ལག་རྩལ་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས་མང་སྤེལ་བར་མ་ཟད། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་མི་72ཆེད་ལས་དགེ་རྒན་དང་མཉམ་འགྲོ་མཉམ་འདུག་བྱས་ནས་སློབ་སྦྱོང་བྱེད་བཞིན་ཡོད། དེ་མིན་མའོ་རྫོང་གི་སྨན་བཅོས་དང་ནད་དང་ལུས་གསོ་ཟུང་འབྲེལ་གྱི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་སྐོར་ལ་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།