《སྲིན་པོ་ཤ་རྫོང་》གི་བཤད་པ།

རྩོམ་པ་པོ།   ཛམ་ཐང་བ་ལྕགས་མདའ།དུས་ཚོད།   2019-10-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                  བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཆ་གང་དུ་སོང་ནའང་། དེར་གནས་པའི་རྩྭ་ཕྲན་ཆུ་ཕྲན་ཚུད་ཆད་ལའང་གཏམ་རྒྱུད་ངོ་མཚར་བ་རེ་ཡོད་པས། བོད་ཡུལ་འདི་གཏམ་རྒྱུད་སྣ་ཚོགས་ཀྱི་བང་མཛོད་ཅིག་ཏུ་བསམས་ནའང་འཆུག་པ་ཅུང་ཟད་ཀྱང་མེད།

           དེ་ཡང་བོད་མི་རེའི་ཁ་ན་སྒྲུང་རེ་ཞེས་གྲགས་པ་ལྟར། འཛམ་གླིང་གོ་ལ་ཟླུམ་པོ་འདིར་སྐད་གྲགས་ཆོད་པ། ཧོ་མའི་ལོ་རྒྱུས་སྙན་རྩོམ་རིང་མོ་བས་ཀྱང་མོད་ཆེས་པའི་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་རབས་》ནི་བོད་ཙམ་དུ་མ་ཟད། ཀྲུང་ཧྭ་མི་རིགས་སྤྱི་དང་། འགྲོ་བ་མིའི་རིགས་ཀྱི་ངོ་མཚར་བའི་ལོ་རྒྱུས་ཀྱི་དན་དཔང་དང་། རིག་གནས་ཤུལ་བཞག་གི་སྙིང་ནོར་བླ་ན་མེད་པ་ཞིག་ཏུ་ཆེད་མཁས་པ་མང་པོས་མགྲིན་གཅིག་དབྱངས་གཅིག་ཏུ་བསྔགས་པར་བྱེད་ལ། དོན་དམ་དུའང་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་རབས་ལས་ལྷག་པའི་ལུགས་གཉིས་ཀྱི་རིག་གནས་སྣ་ཚོགས་གཅིག་ཏུ་འདུས་པའི་གཏེར་མཛོད་ཅིག་ནི་རྙེད་དཀའ་བའི་ཚད་དུ་ཡོད་པས། བསྔགས་བརྗོད་ཀྱི་མེ་ཏོག་འདི་འདྲའང་དོན་ལ་གནས་པའི་བསྔགས་བརྗོད་ཡིན་པར་ཐེ་ཚོམ་གཏན་མི་དགོས་སོ།།

           བོད་ཡུལ་གྱི་ས་ཆ་གཞན་དག་ཇི་བཞིན་འཛམ་ཐང་རྫོང་དུའང་གེ་སར་རྒྱལ་པོའི་སྒྲུང་མང་དུ་བཤད་རྒྱུ་འདུག་ལ། འབྲོག་པ་རྒན་པོ་ཚོས་ནོར་འཚོ་ཞོར་དུ་གླིང་སྒྲུང་ལ་ཉན་པ་དང་གླིང་སྒྲུང་བཤད་པ་སོགས་བྱེད་དེ། སྔར་འབྲོག་པ་ཁྱིམ་ཚང་ཞིག་སྒྲུང་ལ་གཡེང་དྲགས་པས་མུན་རུབ་པའང་མ་ཤེས་པས་ནོར་རྣམས་རྡང་དུ་འདོགས་རྒྱུ་མ་བྱུང་ཚུལ་སོགས་གླིང་སྒྲུང་ལ་དགའ་ཆེས་པའི་དགོད་གཏམ་ཡང་མང་དུ་བཤད་རྒྱུ་འདུག་གོ །


ངོ་སྤྲོད་མདོར་བསྡུས།

              གཤམ་དུ་སྒྲུང་པ་ཤེར་གསར་ལགས་ཀྱིས་བཤད་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་རབས་ལས་སྲིན་པོ་ཤ་རྫོང་ཕམ་པའི་ལོ་རྒྱུས་གང་ཉིད་འཛམ་ཐང་དུ་བྱུང་བའི་ཚུལ་གྱི་བཤད་པ་ཞིག་ལ་མཉན་པར་བྱ་སྟེ། ཚིག་དག་ཅིང་སྙན་པ་ཙམ་དུ་མ་ཟད།《སྲིན་པོ་ཤ་རྫོང་》ཕབ་ཚུལ་གྱི་གླིང་སྒྲུང་འདི་འཛམ་ཐང་རང་ཡུལ་དུ་བྱུང་བའི་ལོ་རྒྱུས་ཤིག་ཡིན་པའང་ཟུར་ནས་ཤེས་ཐུབ་པར་འགྱུར་ལ། སྔོན་གྱི་བྱུང་བ་དེ་དང་འབྲེལ་བའི་རྗེས་ཤུལ་ངོ་མཚར་བ་མང་པོ་དུས་ད་ལྟའང་འཛམ་ཐང་སྟོད་སྨད་ཀུན་ཏུ་ཡོད་པས། བཤད་པ་འདི་ཉིད་ཡིད་ཆེས་ཆོག་པའི་གཏམ་དུ་བསམ་པར་བྱའོ།།

《སྲིན་པོ་ཤ་རྫོང་།》

གསེར་ཤ་དཔའ་མོ།

གེ་སར་གྱི་ལྷ་རྟ་རྐྱང་ལིའི་རྨིག་རྗེས།

གེ་སར་གྱི་རྟའི་རྨིག་རྗེས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།