མཚན་འཁྱོངས་མཁན་ཚོས་ཚལ་རིགས་འདི་དག་བཟས་ན་ལུས་པོར་ཕན་པ་ཆེན་པོ་འདུག

རྩོམ་པ་པོ།   དུས་ཚོད།   2019-10-09   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཕྲིན་སྟེགས།

           མ་གཞི་མཚན་འཁྱོངས་བ་དེ་གོམས་གཤིས་ཡག་པོ་ཞིག་མིན། འོན་ཀྱང་སྐབས་རེ་ལས་ཀ་དང་ཁྱིམ་གྱི་དོན་དག་ཁག་གཅིག་གིས་རྐྱེན་གྱིས་མཚན་མི་འཁྱོངས་ཀ་མེད་ཡོང་གི་ཡོད། ད་འོ་ན། ང་ཚོས་མཚན་འཁྱོངས་སྐབས་གཟུགས་པོར་འཚོ་བཅུད་ཇི་ལྟར་གསབ་དགོས་སམ་ཞེ་ན།

1.ཧའེ་ཏའེ།

    ཧའེ་ཏའེ་ཡིས་ཁྲག་རྩ་མཁྲེགས་པོ་ཆགས་པ་དང་མིའི་ལུས་པོས་ཞ་ཉེ་སོགས་ཀྱི་ལྕགས་རིགས་ལྗིད་པོ་བསྡུ་བ་འགོག་ཐུབ་ལ། དེར་ཆུ་འདུས་ཚད་མཐོ་བས་དུག་སེལ་བྱེད་ཐུབ་མ་ཟད་བཙོག་པ་ཡང་གཤོངས་ཐུབ།

2.ཤ་མོང་རིགས།

     མོག་རོ་དང་དཀར་ཤ་སོགས་ལ་ཤེ་རྒྱུ་(硒)མང་པོ་འདུས་ཡོད་པས། རྒྱུན་དུ་བཟས་ཚེ་ཁྲག་ཤེད་གཅོག་པ་དང་ཁྲག་རྩ་གཤོང་བ། ནད་འགོག་ནུས་པ་མཐོ་རུ་གཏོང་ཐུབ།

3.ཡང་ཙོང་།

      ཡང་ཙོང་གིས་ཕོ་རྒྱུ་དང་ཟས་འཇུ་བར་ཕན་པ་ཡོད་ལ། མཆིན་པར་ཡང་ཕན་པ་ཡོད། 

4.སྲན་ལྗང་།

     སྲན་ལྗང་གིས་ལུས་པོའི་ནང་གི་ནད་དུག་བསལ་ནས་བཙོག་པ་རྒྱུན་གཏན་ལྟར་འབབ་པར་ཕན་ཐོགས་ཡོད། འོན་ཀྱང་། སྲན་ལྗང་འཚོད་པའི་དུས་ཚོད་རིང་དྲགས་རྒྱུ་མེད། རིང་དྲགས་ན་དེའི་འཚོ་བཅུད་ཤོར་སྲིད།

5.པད་རྩ།

     པད་རྩར་གཅིན་འབེབས་ཀྱི་ནུས་པ་ལྡན་ཞིང་། ལུས་པོའི་ནང་གི་བཙོག་པ་འཕྲལ་དུ་འདེད་ནས་ཁྲག་གཙང་སེལ་བྱེད་ཐུབ། དེའང་པད་རྩ་བཏགས་ནས་དེའི་ནང་སྦྲང་རྩི་ཏོག་ཙམ་བླུགས་ནས་ཐད་ཀར་འཐུང་ཆོག་ལ། ཚ་པོ་བཟོས་ནས་ཀྱང་འཐུང་ཆོག 

     ད་ཆ་མི་མང་ཆེ་བ་ལས་ཀ་སོགས་ཀྱིས་རྐྱེན་པས་མཚན་འཁྱོངས་དགོས་ཀྱི་ཡོད། དེ་ལྟར་ཡུན་རིང་སོང་ཚེ་ལུས་པོའི་ནང་ནད་དུག་མང་དུ་འགྲོ་བ་དང་། གཟུགས་པོའི་པགས་པར་གནོད་པ་མ་ཟད་ད་དུང་རྒས་མགྱོགས་པ་ཡོད། དེ་མིན་ཚབས་ཆེ་ན་ནད་རིགས་སྣ་ཚོགས་ན་བ་སོགས་ཡོང་གི་ཡོད། དེར་བརྟེན། ཡུན་རིང་མཚན་འཁྱོངས་མཁན་ཚོས་གོང་གསལ་གྱི་ཟས་རིགས་མཆོད་ནས་ལུས་པོའི་ནང་གི་ནད་དུག་གཙང་སེལ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།