གཉོམ་གསོ།

རྩོམ་པ་པོ།   ཁྱུང་པོ་སྟེང་ཆེན།དུས་ཚོད།   2019-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དབུལ་པོའི་ཕྱག་ལག་སྟོང་པ་ལ།།

ཡོད་རྒུ་བཙལ་བ་ཆོས་ཉིད་ལས།།

སྤྱང་དང་ནགས་གསེབ་གླ་བ་ལ།།

རྔོན་པའི་གཡོག་འོག་མ་ཚུད་དགོས།།

གཞོན་དུས་སྦྱང་པའི་སྐལ་བ་དབེན།

རྒས་དུས་འགྱོད་པའི་ལུས་ཕུང་དཀྱུས།།

ཐེ་ཚོམ་གོས་པའི་འཚོལ་བ་ཡང་།།

མཉམ་དུ་ཤི་ན་ཤིན་ཏུ་ཕངས།།

སྙིང་རུས་ཅན་གྱི་སློབ་མ་དེ།

རྒས་དུས་འགྱོད་མེད་དྭངས་མ་ཡིན།

ཡོན་ཏན་བསླབ་པར་འགྱུར་བ་མེད།

གང་ལ་སློབ་ཡང་སུན་པ་མེད།

ཨ་ཕའི་གཞིར་ཀ་ཁྱོད་རང་མཛེས།།

ཨ་མའི་གནམ་ཀ་ཁྱོད་རང་ཡངས།།

ཁྱིམ་གཞིས་འཚོལ་བ་ཁྱོད་རང་རྒྱན།

ཡོངས་སུ་འཛོམ་པ་མཛངས་མའི་རྒྱན།

སློབ་གླིང་ལྡུམ་རའི་སྐྱེད་ཚལ་ན།

བཀྲ་གསལ་འཇོ་སྒེག་སྤང་རྒྱན་གྱི།།

ཟེའུ་འབྲུ་གཡུ་རལ་དགུང་ལ་འཕྱོ།

ལེགས་པའི་འབྲས་བུ་གཡུལ་དུ་ཟ།།

ཆུང་དུས་མ་སྦྱང་ཕངས་སེམས་དེ།།

གཉོམ་པོ་ཁོག་གིས་གླན་རྟགས་ཡིན།

མ་མ་བྱམས་པའི་སློབ་གསོ་དག།

སྙིང་གི་ནོར་བུ་ཡིན་པར་འདོད།

ཀ་ཁའི་གྱེར་འདོན་བྱས་དུས་སུ།།

ལྕེ་དིག་དག་པར་མ་ཐོན་ལ།།

རྒྱབ་ནས་ཨ་མའི་རྔམ་ཟེར་གྱིན།

ལུས་འདར་བྱིས་པ་སྤུ་ལོང་གཡོས།།

དར་མའི་ཕྱིར་ལྟ་རིང་མོ་ཡང་།།

ཨ་མའི་ཁ་ཏ་མཛེས་པའི་རྒྱན།

བྱམས་པའི་བདག་ཉིད་ཡིད་ལ་དྲན།

རྒྱང་རིང་ཡུལ་ན་གདུང་བ་ཟབ།།

མ་ཡུམ་གསེར་གྱི་པ་ཀ་ཆེན་ལགས།།

སྐུ་ཚེ་བྱམས་པའི་ཁུད་ནས་བསྐྱལ།།

སྙིང་རྗེའི་ཅན་གྱི་བྱང་སེམས་མ།།

མི་ཚེའི་ནད་དོན་མི་འབྱུང་ཤོག།

བདག་གིས་སློབ་གླིང་པད་ཚལ་ནས།།

ཤོག་དཀར་ངོགས་སུ་སུག་བྲིས་བསྐྱངས།།

སྐྱོན་དང་སྐུལ་འདེབས་མ་ཡིན་པས།།

གཉོམ་གསོ་ཚིག་གིས་ཚལ་ཆེན་བཞག། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།