2019ལོའི་ནོ་པེར་བྱ་དགའ་ཐོག་མ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།   དུས་ཚོད།   2019-10-09   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

              ཕྱི་རྒྱལ་གྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་7ཉིན་2019ལོའི་ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་པ་སྟེ། ཝེ་ལེམ·ཁེ་ལིན(William G. Kaelin Jr )དང་པི་ཏེ་·ལ་ཐེ་ཁེ་ལི་ཧྥུ་(Sir Peter J. Ratcliffe)དང་ཀེ་ལེ་ཀེ་·སའེ་མོན་རྫ་(Gregg L. Semenza)གསུམ་ལ་བྱ་དགའ་འདི་ཐོབ་པ་རེད།

            ཚན་རིག་མཁས་ཅན་གསུམ་ལ་བྱ་དགའ་ཐོབ་པའི་རྒྱུ་མཚན་ནི་ཁོང་ཚོས་མི་ལུས་དང་སྲོག་ཆགས་ཀྱི་ཕྲ་ཕུང་མང་ཆེ་བའི་ཚོར་ཤེས་དང་གསོ་རླུང་འགྱུར་ལྡོག་གི་ལམ་སྲོལ་དང་འཚམ་པའི་གསར་རྙེད་ཐད་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱ་རྒྱུ་དེ་རེད།

             ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ནི་འདས་ཟིན་པའི་སུའེ་ཏེན་རྫས་འགྱུར་རིག་པའི་མཁས་པ་ཨར་ཧྥུ་ལེ་ཏེ·ནོ་པེར་གྱི་ཁ་ཆེམས་ལྟར་བཙུགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལོ་སྔོན་མའི་ནང་སྐྱེ་ཁམས་རིག་པ་དང་གསོ་རིག་ལས་རིགས་སུ་ཁྱད་དུ་འཕགས་པའི་བྱས་རྗེས་འཇོག་མཁན་ལ་གཟེངས་བསྟོད་བྱེད་པའི་ཆེད་དུ་ཡིན།

             བྱ་དགའ་དེ་1901ལོར་ཐོག་མར་སྤྲད་པ་དང་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོ་ཡི་གསོ་རིག་སློབ་ཆེན་གྱི་ཁཱ་ལུའོ་ལིན་སི་ཁཱ་གསོ་རིག་སློབ་གླིང་གིས་དཔྱད་འདེམས་ཀྱི་འགན་འཁུར་བ་དང་། བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ལོ་ལྟར་གྱི་ཟླ་12ཚེས་10ཉིན(ནོ་པེར་སྐུ་གཤེགས་པའི་དྲན་གསོའི་ཉིན་མོ)ལ་འཚོགས་ཀྱི་ཡོད།

            ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་ནོ་པེར་རྩོམ་རིག་བྱ་དགའ་ཟླ་10ཚེས་10ཉིན་ཡོངས་བསྒྲགས་བྱ་རྒྱུ་མ་ཟད། 2018ལོ་དང་2019ལོའི་བྱ་དགའ་གཉིས་མཉམ་དུ་ཁྱབ་བསྒྲགས་བྱ་རྒྱུ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།