ཧུང་ཡོན་གྱི་འབྲི་ཞོ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཕྱིར་འཚོང་རྒྱུ་རེད།

རྩོམ་པ་པོ།   མགོན་པོ་ཚེ་བརྟན།དུས་ཚོད།   2019-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               མིག་སྔར། ཝུན་ཀྲུའུ་གྲོང་ཁྱེར་གྱིས་ཧུང་ཡོན་རྫོང་ཀུན་ཕན་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ནས་འོ་མའི་ཐོན་རྫས་དངོས་སུ་ལས་མགོ་ཚུགས་པ་དང་། ཧུང་ཡོན་རྫོང་གི་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་འབྲི་ཞོ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཕྱིར་འཚོང་བྱེད་མགོ་ཚུགས།

             ཧུང་ཡོན་རྫོང་ཀུན་ཕན་རོང་འབྲོག་པའི་མཉམ་ལས་ཁང་གིས་འོ་མའི་ཐོན་རྫས་ལས་མགོ་ཚུགས་པ་ནི་ཝུན་ཀྲུའུ་གྲོང་ཁྱེར་གྱི་ཧུང་ཡོན་རྫོང་ལ་དབུལ་སྐྱོར་བྱེད་པའི་རྣམ་གྲངས་ཤིག་ཡིན་ལ། ཧུང་ཡོན་རྫོང་ཀུན་ཕན་མཉམ་ལས་ཁང་ལ་མཚོན་ན་རྣམ་གྲངས་འདི་ནི་ཁ་གཏད་དབུལ་སྐྱོར་ཡོད་ཚད་ལས་ཆེས་གལ་ཆེ་བའི་རྣམ་གྲངས་ཞིག་ཡིན། ཤར་ནུབ་དབུལ་སྐྱོར་གྱི་མཉམ་ལས་སྤེལ་བ་ནས་བཟུང་། ཝུན་ཀྲུའུ་གྲོང་ཁྱེར་གྱིས་ཆེད་མངག་ལས་བྱེད་པས་ཡུལ་བབ་དང་བསྟུན་ནས་ས་གནས་དེའི་ཁྱད་ལྡན་སྤུས་ལེགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པ་མ་ཟད་ཀྲེ་ཅང་ཞིང་ཆེན་གྱི་རོགས་སྐྲུན་མ་དངུལ་ནང་འདྲེན་བྱས་ཏེ། ཧུང་ཡོན་རྫོང་གི་ཀུན་ཕན་རོང་འབྲོག་པའི་མཉམ་ལས་ཁང་གི་ནོར་གནག་གི་ཐོན་རྫས་བེད་སྤྱད་ནས།མཉམ་ལས་ཁང་+རྟེན་གཞི+ཐོན་ལས་དབུལ་སྐྱོར།+དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྐྱོར་བྱེད་ཐབས་སྤྱད་ནས། ཐོན་ལས་འཕེལ་རྒྱས་དང་དབུལ་ཕོངས་ཁྱིམ་ཚང་དབུལ་བྲལ་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད།

           རྣམ་གྲངས་འདི་བཙུགས་པ་ནས་བཟུང་། ཧུང་ཡོན་རྫོང་ཀུན་ཕན་རོང་འབྲོག་པའི་མཉམ་ལས་ཁང་གི་ལོ་རེའི་ཡོང་སྒོ་སྒོར་ཁྲི500ཇེ་མང་དུ་སོང་བ་མ་ཟད། རྫོང་ཡོངས་ཀྱི་ཁྱིམ་ཚང་1354ཡི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར5157མཉམ་ལས་ཁང་གི་རོགས་སྐྱོར་ཁྱབ་ཁོངས་སུ་བཞག་པ་རེད།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།