རྔ་བ་རྫོང་གི་འཕོ་འགྱུར་དང་ལོ་ངོ་བདུན་ཅུ།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2019-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70སོང་བ་དང་། རྒྱབ་ཁབ་མདུན་སྐྱོད་ཀྱི་གོམ་སྟབས་དང་བསྟུན་ནས་རྔ་བ་རྫོང་གིས་འོད་སྟོང་འཕྲོ་བའི་ལོ་ངོ་70ནང་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཞིག་བརྩམས་བྱུང་། ལོ་ངོ་70ཡི་རིང་། ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱིས་འགོ་ཁྲིད་འོག རྔ་བ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་བསམ་བློ་བཅིངས་འགྲོལ་དང་། གསར་སྤེལ་གསར་གཏོད། ཤུགས་སྐྱེད་སྟོབས་སྤེལ། ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། དམངས་འཚོའི་བདེ་སྐྱིད་མཐོར་འདེགས་གཏོང་བ། ལས་དོན་ཁག་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་དགའ་འོས་པའི་གྲུབ་འབྲས་བཟང་བོ་བླངས་ཡོད།

           ལོ་ངོ་70ཡི་རིང་། རྔ་བ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་སེམས་ལ་བཅངས་ནས་དམངས་ཕྱུག་བྱ་སྤྱོད་སྤེལ་བ་དང་། རྫོང་ཡོངས་ཀྱི་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་པ་བརྒྱུད། རྫོང་དེའི་དཔལ་འབྱོར་དང་སྤྱི་ཚོགས། མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2018ལོར། རྫོང་དེའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་113253ཟིན་ཡོད་པ་དང་། 1978ལོ་ལས་ལྡབ་88འཕར་ཡོད། ཐོན་ལས་དང་བོའི་འཕར་ཚད་རིན་ཐང་སྒོར་ཁྲི་35905ཟིན་ཡོད་པ་དང་། 1978ལོ་ལས་ལྡབ་42འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཚད་རིན་ཐང་སྒོར་ཁྲི་22512ཟིན་ཡོད་པ་དང་། 1978ལོ་ལས་ལྡབ་11འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཚད་རིན་ཐང་སྒོར་ཁྲི་54836ཟིན་ཡོད་པ་དང་། 1978ལོ་ལས་ལྡབ་22.2འཕར་ཡོད། མི་རེར་ཆ་སྙོམས་སྒོར་GDP14708ཡོད་པ་དང་། 1978ལོ་ལས་ལྡབ་45.7འཕར་ཡོད།

           ལོ་ངོ་70རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ད་ལྟ་རྔ་བ་རྫོང་གིས་རྣམ་པ་གསར་རྐྱང་གིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྗོངས་སྐོར་བ་བསུ་བཞིན་ཡོད། 2018ལོར་རྫོང་ཡོངས་ཀྱི་ས་གནས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི་5336ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གསོག་དངུལ་སྒོར་ཁྲི་109889ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཡོངས་སུ་མཐོ་རུ་ཕྱིན་ནས། མི་སེམས་འགུལ་བའི་གཞི་གྲངས་རེ་རེ་ལས་རྔ་བ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བདེན་དཔང་བྱེད་ཐུབ།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།