ལོ་ངོ་70གྲུབ་འབྲས་ངོམས་སྟོན་ལས་རྔ་ཁུལ་གྱི་འགྲེམ་སྟོན་ཁང་།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2019-10-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྒྱལ་སྟོན་ལ་རྟེན་འབྲེལ་ཞུ།

     སི་ཁྲོན་ཞིང་ཆེན་གྱི་ལོ་ངོ་70གྲུབ་འབྲས་ངོམས་སྟོན་ལས་རང་ཁུལ་གྱི་འགྲེམ་སྟོན་ཁང་གི་བརྗོད་དོན་ནི་དོམ་ཁྲ་ཡི་ཁྱིམ་གཞིས། དག་ཞིང་གི་རྔ་བ་ཡིན།

    འགྲེམ་སྟོན་ཁང་དུ་གླུ་དབྱངས་གསུམ་ལ་གཞི་བརྟེན་ནས་ཚན་པ་གསུམ་འགྲེམ་སྤེལ་བྱས་ཡོད་དེ། རྔ་ཁུལ་གྱི་ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་ཡུལ་སྲོལ་གོམས་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་ངོམས་ཡོད་པ་དང་། ལོ་ངོ་70རིང་གི་འཕོ་འགྱུར་ཆེན་པོ་མངོན་པར་བྱས་ཡོད། 

      ཚན་པ་དང་པོ་ནི་ཏང་ལ་དགའ་བའི་བསྟོད་གླུ་ལེན། རྔ་བའི་མི་དམངས་བཅིངས་འགྲོལ་ཐོབ། ཞེས་པ་དང་། ཚན་པ་གཉིས་པ་ནི་གངས་རི་རྩྭ་ཐང་བསྟོད་གླུ་གསར་བས་བརྒྱན། རྔ་བའི་མི་དམངས་འབྱོར་ཕྱུག་ལྡན་པར་གྱུར། ཞེས་པ་དང་། ཚན་པ་གསུམ་པ་ནི་རྔ་བའི་གཞོན་གསར་སྤོབས་པས་ཁེངས། རྔ་བའི་མི་དམངས་དཔའ་སྟོབས་རྒྱས་བཅས་རེད།

རྔ་བ་ཁུལ་གྱི་འགྲེམ་སྟོན་ཁང་།






རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།