རྔ་ཁུལ་གྱི་སྐྱེ་ཁམས་ཇེ་ལེགས་ཇེ་བཟང་དུ་འགྲོ་བཞིན་ཡོད།

གཟི་བརྗིད་ལྡན་པའི་ལོ་ངོ་བདུན་ཅུ། རྔ་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-10-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དོན་དངོས་དང་མཐུན་པའི་སྒོ་ནས་མཚོན་ཆེད། ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་9ཚེས་25ཉིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ཞིང་ལས་དང་གྲོང་གསེབ་ཅུས། ཁུལ་སློབ་གསོ་ཅུས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་བཅས་ཀྱིས་འབྲེལ་ཡོད་ལས་དོན་ལ་དམིགས་ནས་ལོ་70རིང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ང་ཚོས་སྡེ་ཚན་ཁག་གིས་ཁྱབ་བསྒྲགས་བྱས་པའི་ནང་དོན་དང་གནས་ཚུལ་ཞིབ་ཕྲ་མུ་སྤེལ་བྱ་རྒྱུ་ཡིན། དེ་རིང་གི་འདི་ནི་སྤེལ་ཐེངས་དྲུག་པའོ།། 

རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ལེགས་པ་རྒྱུན་འཁྱོངས་བྱས།

       གསར་འགོད་པས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྔ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། ལོ་མང་པོའི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་ཁུལ་ས་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པ་རྒྱུན་འཁྱོངས་ཐུབ་པ་དང་ལྷག་པར་དུ་ལྔ་འཆར་བཅུ་གསུམ་རིང་རྔ་བས་ལྗང་མདོག་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། 

སྦགས་བཙོག་ཚོད་འཛིན་དམིགས་ཚད་དུ་སླེབས་ཡོད།

        ལྔ་འཆར་བཅུ་གསུམ་ནས་བཟུང་། ཁུལ་ཡོངས་ཀྱི་རྫས་འགྱུར་གསོ་རླུང་མཁོ་བའི་གཙོ་གནད་ལས་གྲྭས་བཙོག་རླངས་ཕྱིར་གཏོང་ཚད་ཏུན་126.94ཉུང་དུ་ཕྱིན་པ་དང་། བཙོག་འབུད་ཉུང་གཏོང་གི་བསྡུར་ཚད་16.03%ཡིན་ལ། ཨན་ཏན་གཙོ་གནད་ལས་གྲྭར་བཙོག་འབུད་ཉུང་གཏོང་ཏུན་134.73དང་། བཙོག་འབུད་ཉུང་གཏོང་གི་བསྡུར་ཚད་1.48%ཡིན། དབྱང་གཉིས་ཐན་རྫས་གཙོ་གནད་ལས་གྲྭས་བཙོག་འབུད་ཏུན་465.18ཉུང་གཏོང་བྱས། ཏན་དབྱང་འགྱུར་རྫས་གཙོ་གནད་ལས་གྲྭའི་བཙོག་འབུད་ཉུང་གཏོང་གི་བསྡུར་ཚད་11.24%ཡིན། ཁུལ་ཡོངས་ཀྱི་སྦགས་བཙོག་དངོས་པོ་གཙོ་བོའི་རྫས་འགྱུར་གསོ་རླུང་མཁོ་ཚད་དང་། ཨན་ཏན། དབྱང་གཉིས་འགྱུར་མུ་ཟི། ཏན་དབྱང་འགྱུར་རྫས་བཅས་ཕྱིར་འབུད་ཀྱི་སྤྱི་འབོར་རེ་རེ་བཞིན་0.8412དང་། 0.1076། 0.8777། 1.0489བཅས་སུ་ཚོད་འཛིན་བྱས་ནས་ལོ་རེ་རེའི་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱས་པ་རེད།

ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

         2015ལོ་ནས་2018ལོ་བར་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི་ཁྲིམས་འཛིན་མི་སྣ་དང་བརྟག་བཤེར་མི་སྣ་སྐོར་ཐེངས་9660མངགས་ནས། ཁེ་ལས་3230ལ་ཞིབ་བཤེར་བྱས། ཡིག་བསྐུར་ངོ་བཅར་ཐེངས་295དང་། གྱོད་གཞི་181ལ་དག་ཐེར་ཡོ་བསྲང་བྱེད་འགན་དཀྲིས་ཡོད། ལོ་བཞིའི་རིང་གྱོད་གཞི་262གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་ཏེ་སྒོར་ཁྲི་1760ཡི་ཆད་པ་བཅད་པས་ཁྲིམས་འགལ་གྱི་ཁོར་ཡུག་བཙོག་བཟོའི་བྱ་སྤྱོད་ཐག་གཅོད་ནན་མོ་བྱས།

སྐྱེ་ཁམས་གསར་སྐྲུན་གྱིས་ཕན་འབྲས་ཆེ་རུ་བཏང་།

         ཁུལ་ཡོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་39945.39ཟིན་པས། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་གྱི་48.12%ཟིན་ཡོད། མིག་སྔའི་བར་ཞིང་ཆེན་རིམ་པའི་སྐྱེ་ཁམས་ལེགས་པའི་རྫོང་1དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ལེགས་པའི་ཡུལ་གྲོང་16། ཞིང་ཆེན་རིམ་པའི་སྐྱེ་ཁམས་ལེགས་པའི་ཡུལ་གྲོང་4། ཞིང་ཆེན་རིམ་པའི་སྐྱེ་ཁམས་ལེགས་པའི་གྲོང་ཚོ་30། ཁུལ་རིམ་པའི་སྐྱེ་ཁམས་ལེགས་པའི་གྲོང་ཚོ་478བསྐྲུན་ཡོད། 2015ལོ་ནས་བཟུང་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་སྒོར་ཁྲི་20020བཏང་ལ། ཆུའི་སྦགས་བཙོག་འགོག་བཅོས་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག བཏུང་ཆུའི་ཆུ་འགོ་སྲུང་སྐྱོང་བཅས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

དག་ཐེར་ཡོ་བསྲང་གི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས།

      ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་ཁག་33གྱི་དོན་ཚན་135ལས་ཁག་19ཡི་དོན་ཚན་109ལེགས་གྲུབ་ཟིན་ལ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཡིག་བསྐུར་ངོ་བཅར་གནད་དོན་45ལས་གནད་དོན་43ལེགས་གྲུབ་ཟིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཕྱིར་མིག་བལྟས་པའི་ཡིག་བསྐུར་ངོ་བཅར་གནད་དོན་ཁག་16ལས་གནད་དོན་13ལེགས་གྲུབ་ཟིན། ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་196ལས་189བཅོས་སྒྲིག་བྱས་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་དོན་ལྟ་ཞིབ་གནད་དོན་255ལས་251བཅོས་སྒྲིག་བྱས། གོང་སྨོས་ཀྱི་བསྡོམས་རྩིས་ནང་བཅུག་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གནད་དོན་སྣ་ཚོགས་ཁྱོན་545ཡོད་ལ། 515ལེགས་སྒྲིག་བྱས་ཟིན། སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཚད་94.5%ཡིན། ལྷག་མའི་གནད་དོན་ཡང་དག་ཐེར་དུས་ཆད་ཀྱི་འཕེལ་རིམ་ལ་སླེབས་ཡོད། ཕྱོགས་གང་ཐད་ཀྱི་ཁོར་ཡུག་གནད་དོན་ལེགས་བཅོས་ལ་ཕན་འབྲས་ནུས་ལྡན་ཐོབ།

ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་སོང་།

       རླུང་ཁམས་ཆེ་མོའི་སྤུས་ཚད་ཐད་ཁུལ་སྲིད་གཞུང་གནས་སའི་འབར་ཁམས་ཀྱི་མཁའ་རླུང་སྤུས་ཚད་ཀྱི་ལོ་རེ་རེའི་གནམ་གཤིས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཚང་མ་100%ཡིན་པས། ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་དང་རྒྱལ་ཡོངས་ཀྱི་མདུན་གྲལ་ཏུ་སླེབས་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། ཆུའི་སྤུས་ཚད་ཐད་ཁུལ་ཡོངས་ཀྱི་གཙང་ཆུའི་སྤུས་ཚད་རིགས་IIIདང་དེའི་ཡན་ཟིན་ནས་ཚད་གཞི་ལོན་ཚད་100%དང་། དེའི་ཁྲོད། སྤུས་ཚད་རིགས་IIདང་དེའི་ཡན་ཟིན་ནས་ཚད་གཞི་ལོན་ཚད་2014ལོའི་75%ནས་2018ལོའི་100%ལ་སླེབས་ཡོད། རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་བཏུང་ཆུའི་སྤུས་ཚད་ལོན་ཚད་དེ་ལྔ་འཆར་བཅུ་གཉིས་མཇུག་གི་93.3%ནས་2018ལོའི་100%བར་མཐོ་རུ་ཕྱིན། ས་ངོས་ཀྱི་ཆུ་དང་གཅིག་སྡུད་རྣམ་པའི་འཐུང་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་100%རྒྱུན་འཁྱོངས་ཐུབ་ཡོད། ས་རྒྱུའི་སྤུས་ཚད་ཐད་ཁུལ་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་བདེ་འཇགས་བརྟན་ལྷིང་བྱུང་ནས་ཁོར་ཡུག་གི་དོན་རྐྱེན་ཐོན་མྱོང་མེད་པ་དང་། རང་ཁུལ་ནི་ས་རྒྱུའི་སྦགས་བཙོག་སྔོན་འགོག་ཚོད་འཛིན་ཁུལ་མིན་པའི་གྲལ་དུ་བཞག་ཡོད་དོ།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།