ལིའུ་ཕིང་གིས་ཁྲོ་ཆུ་ནས་ལས་བྱེད་མང་ཚོགས་དང་མཉམ་དུ་རྒྱལ་སྟོན་ལ་རོལ།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་རྒྱལ་སྟོན་དུས་ཆེན་སྐབས་ཁྲོ་ཆུ་རྫོང་དང་ཏ་ཁོག་འཁྱག་རོམ་ལྗོངས་ཁུལ་དུ། གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་གཟིགས་སྐོར་དང་འཚམས་འདྲི་མཛད་ཅིང་། ཁུལ་ཡོངས་ཀྱི་མི་དམངས་ལ་དུས་སྟོན་གྱི་རྟེན་འབྲེལ་དང་འཚམས་འདྲི་སྙིང་ཐག་པ་ནས་ཞུས་པའོ།།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2019-10-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

 ལིའུ་ཕིང་གིས་མཚོ་ངོས་ལས་མཐོ་ཚད་སྨི་4860འཁྱག་རོམ་ས་མཐོ་རུ་ལྗོངས་ཁུལ་གྱི་དོ་དམ་མི་སྣ་དང་ཡུལ་དངོས་ལྗོངས་སྐོར་བ་དང་མཉམ་དུ་སྐད་གསེང་མཐོན་པོས་མེས་རྒྱལ། ང་རང་ཁྱེད་ལ་དགའ་ཞེས་ཀི་འབོད་མཛད།

             ཟླ་10ཚེས་1ཉིན་གྱི་སྲོད་དུས་ནས་ཚེས་2ཉིན་བར། ཁུལ་ཡོངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དགའ་བས་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་སྔ་གཞུག་ཏུ་ཁྲོ་ཆུ་རྫོང་དང་མཛེས་ལྗོངས་ཏ་ཁོག་འཁྱག་རོམ་དུ་ཕེབས་ནས། གཞི་རིམ་གྱི་ཡུལ་དངོས་སུ་འབད་བརྩོན་བྱེད་བཞིན་པའི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ལ་གཟིགས་སྐོར་དང་འཚམས་འདྲི་མཛད་པར་མ་ཟད། ཡུལ་དེ་གའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བར་གཟིགས་ཞིབ་མཛད་ཅིང་། རྒྱལ་སྟོན་མཉམ་དུ་རོལ་བ་དང་། ཁུལ་ཡོངས་ཀྱི་མི་དམངས་ལ་དུས་སྟོན་གྱི་རྟེན་འབྲེལ་དང་འཚམས་འདྲི་སྙིང་ཐག་པ་ནས་ཞུས་པ་རེད། 

            སྟོན་དུས་ཀྱི་ཁྲོ་ཆུ་ཡི་རི་ལུང་ཀུན་ལ་ཚོན་མདངས་རྣམ་པར་བཀྲ་ཞིང་དར་དམར་ལྷབ་ལྷུབ་ཏུ་གཡོ། གང་ས་གང་དུ་དུས་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་འདུག

ཚེས་1ཉིན་གྱི་སྲོད་དུས་སུ།

            ལིའུ་ཕིང་གིས་རྔ་བ་རྫོང་ནས་འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་ཀ་ལེགས་པར་མཛད་རྗེས། ཇུས་གཞི་མ་བཀོད་ཅིང་བརྡ་ཡང་མ་བཏང་བར་ཐད་ཀར་ཁྲོ་ཆུ་རྫོང་ལ་ཕེབས་ཤིང་། ལམ་བར་ནས་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་སྤེལ་རིམ་དང་ཡུལ་གྲོང་ལྗོངས་སྐོར་ཞབས་ཞུ་དང་དོ་དམ་གནས་ཚུལ་ལ་རྒྱུས་ལེན་མཛད་པ་དང་དུས་སྟོན་གྱི་ངལ་གསོའི་སྐབས་སུ་ཡུལ་དངོས་ནས་ལས་ཀ་སྒྲུབ་བཞིན་པའི་བཟོ་བ་དང་ཡུལ་དེ་གའི་མང་ཚོགས་རྣམས་ལ་འཚམས་འདྲི་མཛད།

              དབུལ་ཕོངས་སངས་རྒྱས་ཚང་དང་དཀའ་ངལ་ཅན་གྱི་ཏང་ཡོན་རྒན་པ་བློ་བཟང་སོགས་ལ་དུས་སྟོན་གྱི་རྟེན་འབྲེལ་ཞུས་ཤིང་། ཁོ་ཚོ་དང་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།

ཚེས་2ཉིན།

             ཆར་རྗེས་ཀྱི་གནམ་ངོ་དྭངས་ཤིང་ཉི་འོད་དྲོད་ལམ་མེར་འཕྲོས་ཤིང་། མཛེས་ལྗོངས་ཏ་ཁོག་འཁྱག་རོམ་དུ་ལྗོངས་སྐོར་བ་ཤིན་ཏུ་མང་ལ། སྣེ་ལེན་པ་རྣམས་ཀྱིས་གོ་རིམ་ལྡན་པར་ཞབས་ཞུ་དང་དོ་དམ་སོགས་འབྲེལ་ཡོད་ཀྱི་ལས་ཀ་ལེགས་པར་སྒྲུབ་བཞིན་གདའ།

               ལིའུ་ཕིང་གི་ཆེས་ཐུགས་འདང་ཆེ་ས་ན་ལྗོངས་སྐོར་བ་རྣམས་ཀྱི་འགྲིམ་འགྲུལ་བདེ་འཇགས་དེ་ཡིན། ཁོང་གིས་ཨར་ཏའོ་ཟམ་པར་འདམ་རྡོ་ཆུ་རུད་ཀྱིས་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་གནས་ཚུལ་ལ་རྒྱུས་ལེན་མཛད་ཅིང་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་ཞོར་དུ་བརྩོན་པས་བསྐྱར་སྐྲུན་བྱས་ནས་ལྗོངས་སྐོར་གཞུང་ལམ་བདེ་འཇགས་ཤར་གཏོང་ཐུབ་པ་འགན་ལེན་དགོས་པའི་བླང་བྱ་གནང་། དེ་ནས་ཁོང་ཉིད་ལྕགས་ཐག་ལམ་གྱི་འཛུལ་སྒོའི་ལྗོངས་སྐོར་བའི་ལྟེ་གནས་སུ་ཕེབས་ནས་ཡུལ་དེ་གའི་ཞིང་ཞོར་ཐོན་རྫས་དང་ལག་ཤེས་བརྩམས་ཆོས་འགྲེམ་སྟོན་ཁང་ལ་གཟིགས་སྐོར་མཛད་ཅིང་། གློག་བརྙན་ན་ཆུང་བརྩོན་སྙེག་ཅེས་པའི་ནང་དོན་ལ་རྒྱུས་ལོན་མཛད། ཁོང་གིས་མཛེས་ལྗོངས་དྲིལ་སྒྲོག་དང་རིག་རྩལ་བརྩམས་ཆོས་ངོ་སྤྲོད་གང་ཡིན་རུང་། ཡུལ་དེ་གའི་དོན་དངོས་དང་འབྲེལ་ནས་ས་གནས་ཀྱི་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་མི་ཆོས་ཐོན་པར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ལྗོངས་སྐོར་བ་རྣམས་ལ་མཛེས་ལྗོངས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་འཆད་དགོས་ཞེས་གསུངས།

               གཟིགས་སྐོར་མཛད་སྐབས། ཁོང་ཉིད་མཚོ་ངོས་ལས་མཐོ་ཚད་སྨི་4860ས་མཐོའི་འཁྱག་རོམ་གྱི་ཆེས་མཐོ་སར་ཕེབས་ཏེ། འཁྱག་རོམ་གྱི་ཡང་རྩེ་རུ་རྒྱལ་དར་ལྷབ་ལྷུབ་ཏུ་བསྐྱོད་པའི་འདབས་ནས། ལྗོངས་ཁུལ་གྱི་དོ་དམ་མི་སྣ་དང་ལྗོངས་སྐོར་བ་དང་མཉམ་དུ་སྐར་ལྔའི་དར་དམར་མཐོན་པོར་བཏེགས་ཤིང་། སྐད་གསེང་མཐོན་པོས་མེས་རྒྱལ། ང་རང་ཁྱེད་ལ་དགའ་ཞེས་ཀི་འབོད་མཛད་དེ། རྒྱལ་གཅེས་ཀྱི་བརྩེ་འདང་ཟབ་མོ་མཚོན་པར་མ་ཟད། མེས་རྒྱལ་ལ་སྔར་བས་སྟོབས་འབྱོར་ལྡན་པར་རྟེན་འབྲེལ་ཞུས་པ་རེ      

             ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁྲོ་ཆུ་རྫོང་ཨུའི་ཧྲུའུ་ཅི་ལིའུ་ཡུན་ཅན་དང་ཁྲོ་ཆུ་རྫོང་གི་སྲིད་གཞུང་དང་ཏ་ཁོག་འཁྱག་རོམ་དོ་དམ་ཅུས་སོགས་ཀྱི་འགན་ཁུར་བ་རྣམས་སོགས་གཟིགས་ཞིབ་ཏུ་ཞུགས་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།