རྔ་ཁུལ་གྱི་རིག་གནས་དང་ལུས་རྩལ། ལྗོངས་སྐོར་བཅས་དར་བ།

གཟི་བརྗིད་ལྡན་པའིལོ་ངོ་བདུན་ཅུ། རྔ་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-10-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དོན་དངོས་དང་མཐུན་པའི་སྒོ་ནས་མཚོན་ཆེད། ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་9ཚེས་25ཉིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ཞིང་ལས་དང་གྲོང་གསེབ་ཅུས། ཁུལ་སློབ་གསོ་ཅུས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་བཅས་ཀྱིས་འབྲེལ་ཡོད་ལས་དོན་ལ་དམིགས་ནས་ལོ་70རིང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ང་ཚོས་སྡེ་ཚན་ཁག་གིས་ཁྱབ་བསྒྲགས་བྱས་པའི་ནང་དོན་དང་གནས་ཚུལ་ཞིབ་ཕྲ་མུ་སྤེལ་བྱ་རྒྱུ་ཡིན། དེ་རིང་གི་འདི་ནི་སྤེལ་ཐེངས་ལྔ་བའོ།། 

རིག་གནས་ལུས་རྩལ་ཡུལ་སྐོར་བདེ་ཐང་སྒྲིག་བཀོད་བྱས་ནས། རྔ་བ་དུས་བསྟུན་གོང་འཕེལ་གྱི་རྣམ་པ་གསར་བ་མངོན་པ།

U20རང་ཁུལ་གྱི་ཐང་ཐེན་ཝན་ལ་སྨི་3000བཀག་བརྒལ་འགྲན་སྡུར་གྱི་ཨང་དང་པོ་ཐོབ།

       གསར་འགོད་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྔ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་གསལ་ལྟར་ན། ལོ་70ཡི་རིང་རང་ཁུལ་གྱི་རིག་གནས་དང་། ལུས་རྩལ། ཡུལ་སྐོར་ལས་རིགས་བཅས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མྱུར་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།



རིག་གནས་བྱ་བཞག་ཐད།

དངོས་མིན་ཤུལ་བཞག་རིག་གནས་འཁྲབ་སྟོན།

         རིག་གནས་བྱ་གཞག་ཐད་རང་ཁུལ་གྱིས་རྫོང་གཅིག་ལ་དུས་སྟོན་གཅིག་དང་རྟགས་མ་གཅིག་གི་རིག་གནས་རིམ་སྤོར་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་བོད་ཀྱི་ལོ་གསར་དང་། ཟླ་མཆོད་དུས་ཆེན། མེ་ཏོག་དང་གློག་སྒྲོན་དུས་ཆེན། སྐོར་བྲོའི་དུས་ཆེན་སོགས་རིག་གནས་བྱེད་སྒོ་ཧུར་ཐག་ངང་སྤེལ་ནས་རྫོང་དང་གྲོང་ཁྱེར་ལ་རྟགས་མ་ཡོད་པ་དང་། ཡུལ་ཚོ་ཚང་མར་བྱེད་སྒོ་ཡོད་པ། གྲོང་ཚོ་ཚང་མར་ལྟད་མོ་ཡོད་པ། ཁྱིམ་ཚང་མ་ཚང་མཉམ་དུ་ཞུགས་པ་བཅས་ཀྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་རྣམ་པ་ཞིག་ཆགས་ཡོད་པ་རེད། 
        རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་འགོད་རྣམ་གྲངས་19དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་འགོད་རྣམ་གྲངས་73གསར་གཏོད་བྱ་རྒྱུའི་རེ་ཞུ་བྱས་པ་དང་། ཆའང་ལོ་དེ་འཛམ་གླིང་གི་འཕྲལ་མཁོའི་སྲུང་སྐྱོང་མིང་ཐོའི་ནང་བཅུག་པ་རེད།
        རིག་གནས་ཕྱིར་བསྐྱོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཐང་ག་དང་། ཆའང་རིགས་ཀྱི་འཚེམ་དྲུབ་སོགས་དངོས་མིན་རིག་གནས་ཤུལ་བཞག་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་ལྟེ་བའི་གྲོང་ཁྱེར་30ལྷག་ཙམ་དང་། ཐེ་ལན། འཇའ་ཕན་སོགས་རྒྱལ་ཁབ་20ལྷག་ཙམ་དུ་འགྲེམས་སྟོན་བྱེད་པར་བསྐྱོད་དེ་རྒྱལ་ཁབ་ཕྱི་ནང་དུ་བོད་དང་ཆའང་རིགས་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད།
       རིག་གནས་ཐོན་ཁུངས་ཁྱོན་ཡོངས་ལ་ཁྱབ། ཁུལ་རིམ་པའི་དཔེ་མཛོད་ཁང་1དང་། རྫོང་གི་དཔེ་མཛོད་ཁང་13། ཡུལ་་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་219། གྲོང་ཚོའི་རིག་གནས་བྱེད་སྒོ་ཁང་1354བཅས་བསྐྲུན་ནས་རྫོང་དང་། ཡུལ་ཚོ། གྲོང་ཚོ་བཅས་ཚང་མར་ཁྱབ་ཡོད།

ལུས་རྩལ་བྱ་བཞག་ཐད།

རྟ་རྩལ་འགྲན་སྡུར།

       ལུས་རྩལ་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་ནས་མང་ཚོགས་ཀྱི་ལུས་སྦྱོང་ཆ་རྐྱེན་ཇེ་ལེགས་སུ་ཤུགས་ཆེན་བཏང་ཡོད། 2019ལོའི་ཟླ་8པ་བར་ཁུལ་ཡོངས་སུ་གྲོང་ཚོ་རིམ་པའི་ཞིང་པའི་ལུས་སྦྱོང་ལས་གཞི་1285དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཞིང་པའི་ལུས་སྦྱོང་ལས་གཞི་7། ལུས་རྩལ་ཁང་10། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་8བཅས་བསྐྲུན་ནས་གྲོང་ཚོ་རིམ་པའི་ཞིང་པའི་ལུས་སྦྱོང་ལས་གཞི་ཁྱབ་ཚད་94%ཟིན་ཡོད་པ་རེད། ཁུལ་དང་རྫོང(གྲོང་ཁྱེར)གི་གཟུགས་གཞི་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཁུལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ལུས་རྩལ་ཐང་རྒྱ་ཁྱོན་སྨི་གྲུ་བཞི་མ་2.13ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། ལུས་རྩལ་དང་སློབ་གསོ་ཟུང་འབྲེལ་གྱི་སྦྱོང་བརྡར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་།ལུས་རྩལ་ཤེས་ལྡན་པ་གསོ་སྐྱོང་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། སྦེ་ག་དང་། ལྒང་ལི།མཆོང་རྒྱུག་འཕེན་གསུམ་སོགས་གཙོ་གནད་སྦྱོང་བརྡར་རྣམ་གྲངས་9བཙུགས་པ། རིམ་རྩིས་བྱས་ན་རྒྱལ་ཁབ་དང་ཞིང་ཆེན་ལུས་རྩལ་རུ་ཁག་ལ་ཕུལ་བྱུང་ལུས་རྩལ་པ་380ལྷག་ཙམ་མངགས་གཏོང་བྱས་པ།རྒྱལ་སྤྱིའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་2དང་། དངུལ་གྱི་རྟགས་མ་3། རྒྱལ་ཡོངས་ཀྱི་རྣམ་གྲངས་རྐྱང་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་18། ཞིང་ཆེན་རིམ་པའི་འགྲན་བསྡུར་གྱི་བྱ་དགའ་1200ལྷག་ཙམ་ཐོབ་ཡོད་པ་རེད། མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་དང་། ཞིང་འབྲོག་པའི་ལྒང་ལི་འགྲན་སྡུར། ལས་བཟོ་བའི་ལྒང་ལི་འགྲན་སྡུར། གངས་རིའི་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་ཚོགས་པའི་འགྲན་བསྡུར་དུས་ཆད་ལྟར་སྤེལ་བས་མང་ཚོགས་ཀྱི་ལུས་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་པར་ཕྱིན་ཡོད། 

ལྗོངས་སྐོར་ཐོན་ལས་ཐད།

གཟི་རྩ་སྡེ་དགུའི་བར་སྣང་ལྗོངས་གཟིགས་རྣམ་གྲངས།

          ཡུལ་སྐོར་ཐོན་ལས་ཐད་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གདུང་བཞི་ཀ་བརྒྱད་གཞི་རྩའི་ཆ་ནས་གྲུབ་ཟིན་པ་དང་ས་ཁོངས་ཧྲིལ་པོར་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འཛོམས་པ། ཡུལ་སྐོར་ཐོན་ལས་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲས་སུ་གྱུར་ཡོད་པ་རེད། མིག་སྔར་ཁུལ་ཡོངས་སུ་5Aརིམ་པའི་མཛེས་ལྗོངས་ཁུལ་3དང་། 4Aརིམ་པའི་མཛེས་ལྗོངས་ཁུལ་17། 3Aརིམ་པའི་མཛེས་ལྗོངས་ཁུལ་6། རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་1། ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ་3བཅས་ཡོད་པས་Aརིམ་པའི་མཛེས་ལྗོངས་ཁུལ་ས་གནས་ཀུན་ཏུ་ཁྱབ་ཡོད་པ་རེད། ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་།《ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་སྟེ། 1+3+Nཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཁྱབ་གདལ་བཏང་བ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལམ་གྱི་ཡུལ་སྐོར་ལམ་བུའི་མཚོན་རྟགས་བཅོས་སྒྲིག་དང་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ།ཚད་ལྡན་ཅན་དང་། རྒྱུད་རིམ་ལྡན་པ། ཁྱད་ཆོས་ཅན་བཅས་ཀྱི་ཡུལ་སྐོར་མཚོན་རྟགས་ཀྱི་བྱང་བུ་བསྐྲུན་ཡོད། ཡུལ་སྐོར་སྤུས་རྟགས་ཁྱོན་ཡོངས་ནས་གཏོད་པ་དང་། དོམ་ཁྲའི་ཁྱིམ་གཞིས་དང་དག་ཞིང་གི་རྔ་བ་ཞེས་པའི་རྟགས་མ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། སྨྱན་སྦྱོར་གྱི་དཔུང་ཁག་ཆེན་པོ་བཙུགས་པ། ཁུལ་ཡོངས་ཀྱི་ཡུལ་སྐོར་སྡེབ་འདྲེས་ཚོང་གཉེར་ལག་བསྟར་བྱེད་པ།གཟི་རྩྭ་སྡེ་དགུ་དང་། དོམ་ཁྲ། སྤང་ལྗོངས། རྒྱང་བསྐྱོད་སོགས་ཆེ་བ་དགུའི་རྟགས་མ་བསྐྲུན་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།