རང་ཁུལ་གྱི་མི་རིགས་སློབ་གསོར་འཕེལ་རྒྱས་ཆེན་པོ་བྱུང་།

གཟི་བརྗིད་ལྡན་པའི་ལོ་ངོ་བདུན་ཅུ། རྔ་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-10-01   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དོན་དངོས་དང་མཐུན་པའི་སྒོ་ནས་མཚོན་ཆེད། ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་9ཚེས་25ཉིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ཞིང་ལས་དང་གྲོང་གསེབ་ཅུས། ཁུལ་སློབ་གསོ་ཅུས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་བཅས་ཀྱིས་འབྲེལ་ཡོད་ལས་དོན་ལ་དམིགས་ནས་ལོ་70རིང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ང་ཚོས་སྡེ་ཚན་ཁག་གིས་ཁྱབ་བསྒྲགས་བྱས་པའི་ནང་དོན་དང་གནས་ཚུལ་ཞིབ་ཕྲ་མུ་སྤེལ་བྱ་རྒྱུ་ཡིན། དེ་རིང་གི་འདི་ནི་སྤེལ་ཐེངས་གསུམ་པའོ།། 

རང་ཁུལ་གྱི་མི་རིགས་སློབ་གསོར་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་།

ཞིང་ཆེན་ཝེ་ཀྲོའུ་མི་རིགས་དགེ་འོས་སློབ་གྲྭས་རིག་རྩལ་འཁྲབ་སྟོན།

       གསར་འགོད་པས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྔ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་རང་ཁུལ་དུ་སློབ་གྲྭ་614དང་། སློབ་གྲྭར་ཡོད་པའི་སློབ་མ་142233ཡོད་པ་དང་ལྷན་ཁྱོན་སློབ་མ་13830ཡོད་པ་དང་། ཆེད་བསྐོས་དགེ་རྒན་12359ཡོད།

སློབ་གསོ་དང་པོ་ཡིན་པ་རྒྱུན་ཆད་མེད་པར་སྲ་བརྟན་བཏང་།

       རང་ཁུལ་གྱིས་《རྔ་བ་བོད་རིགས་ཆའང་རིགས་ཀྱི་སློབ་གསོའི་སྲོལ་ཡིག》དང《རྔ་ཁུལ་གྱི་ལོ་བཅོ་ལྔའི་འོས་འགན་སློབ་གསོའི་འཆར་འགོད》སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་ཏེ། རྒྱལ་ཡོངས་མི་རིགས་ས་ཁུལ་ནས་གཞན་གྱི་སྔོན་ལ་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་ལོ་བཅོ་ལྔའི་འོས་འགན་སློབ་གསོའི་དམིགས་ཚད་གཏན་འཁེལ་བྱས་པ་རེད།

འབར་ཁམས་སློབ་འབྲིང་གི་ལུས་རྩལ་འགྲན་ཚོགས།

སློབ་གསོ་ཅི་རིགས་དོ་མཉམ་འཕེལ་རྒྱས་བཏང་།

          སློབ་ཞུགས་གོང་གི་ལོ་གསུམ་གྱི་བུ་བཅོལ་ཁང་དུ་ཞུགས་ཚད་82.98%ཟིན་ཡོད། སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་ཚད་99.87%ཡིན། དམའ་འབྲིང་དུ་ཞུགས་ཚད་98.36%ཡིན། མཐོ་རིམ་སློབ་འབྲིང་དུ་ཞུགས་ཚད་87.91%ཡིན། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)13གྱི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱལ་ཁབ་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་བྱས་པ་བརྒྱུད་ཚད་དང་མཐུན་ཚད་100%ཟིན་པ་དང་། བོད་རྒྱ་སྐད་གཉིས་ཀྱི་བྱིས་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཀློག་དེབ་56རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དང་། མ་ཚད་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཀློག་དེབ་ཀྱི་སྟོང་ཆ་བསྐངས། བོད་རིགས་ས་ཁུལ་གྱི་9+3རིན་མེད་སློབ་གསོ་དང་ལས་རིགས་སློབ་གསོའི་ལོ་གསུམ་མཐོར་གཏོང་འཆར་གཞི་སོགས་གཙོ་གནད་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱུགས་རིགས་སྨན་པ་དང་མི་རིགས་མཛེས་རྩལ་སོགས་ཁྱད་ལྡན་ཆེད་ལས་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་། 2015ལོའི་ཟླ་4པར་རྔ་བའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའང་རྔ་བའི་དགེ་འོས་སློབ་གླིང་དུ་བསྒྱུར་ཏེ་གྲུབ་འབྲས་ཐོབ་པའི་ངང་རིམ་སྤོར་བྱས་པ་དང་། 2018ལོའི་ཟླ་9པར་རྔ་བ་ལས་རིགས་སློབ་གླིང་ལ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་ཁུལ་ཡོངས་ཀྱི་སློབ་གསོའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། 

འཛམ་ཐང་རྫོང་སྐད་གཉིས་བཅའ་སྡོད་སློབ་ཆུང་གི་སློབ་མ།

དམངས་འཚོའི་ལས་གྲྭས་དམངས་ལན་ཕན་བཏེགས།

       དུས་མཚམས་མི་འདྲ་བའི་སློབ་མ་དང་ལྷག་པར་དུ་སློབ་མ་དབུལ་པོའི་དོན་དངོས་ལ་དམིགས་ཏེ། རང་ཁུལ་གྱིས་སློབ་ཞུགས་གོང་གི་སློབ་གསོར་རྩ་ཆག་གཅིག་དང་ཁ་གསབ་གཅིག འོས་འགན་སློབ་གསོར་རྩ་ཆག་གསུམ་དང་ཁ་གསབ་གཉིས། མཐོ་འབྲིང་སློབ་གསོར་རྩ་ཆག་གཉིས་རོགས་གཅིག་སོགས་དམངས་འཚོའི་ལས་གཞི་ལག་ལེན་བསྟར་བ་དང་འབྲེལ། རྒྱལ་ཡོངས་སུ་སློབ་མ་ཡོང་ཁུངས་ཀྱི་ཡིད་རྟོན་སློབ་རོགས་དངུལ་བུན་དེ་འབྲིང་རིམ་ལས་རིགས་སློབ་གྲྭར་སྔོན་ལ་སྣུར་སྲིང་བྱས་པ་དང་། རྫོང(གྲོང་ཁྱེར)ཁག་གིས་སློབ་གསོའི་དབུལ་སྐྱོར་རོགས་སྐྱོབ་མ་དངུལ་སྒོར་ཁྲི་300ནས་500བར་བཏང་སྟེ། སློབ་གསོའི་དམངས་ཕན་སྲིད་ཇུས་ཁྱབ་ཁོངས་ཧྲིལ་པོར་ཁྱབ་ཐུབ་པ་བྱས། ཀྲེ་ཅང་དང་སི་ཁྲོན་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁྲེང་ཨར་མཉམ་ལས་འཆར་གཞི་སོགས་ཁ་གཏད་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སློབ་གསོའི་དབུལ་སྐྱོར་གྱི་རྣམ་པ་ཆེན་པོ་བཏོད་དེ་དབུལ་སྐྱོར་ཐོན་ཁུངས་བསྡུ་སྒྲིལ་ཆེན་པོ་མངོན་འགྱུར་བྱུང་ཡོད།

སློབ་བསྒྲུབ་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་ཕྱིན།

        མིག་སྔའི་བར་ཁུལ་ཡོངས་སུ་ཁྱོན་སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་བཞི་མ་ཁྲི་278.39ཡོད་པ་དང་། ཁུལ་་ཡོངས་ཀྱི་ཡུལ་ཚོ་རིམ་པའི་ཡན་གྱི་སློབ་གྲྭ་ཆུང་འབྲིང་གི་དྲྭ་ཁྱད་ཡོད་པ་དང་སློབ་གྲྭ་འབྲིང་ཆུང་གི་འཛིན་གྲྭར་ཤར་གཏོང་ཐུབ་ཚད་80%ཟིན་པ། རྫོང(གྲོང་ཁྱེར)ཁག་འགའི་འཛིན་གྲྭར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད་པ་རེད། 

སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད།

        ཁུལ་ཡོངས་སུ་ད་ལྟ་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ཁྱད་ཆོས་དང་དཔེ་སྟོན་སློབ་གྲྭ་28ཡོད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཤེས་དཔལ་སློབ་གྲྭ་21ཡོད། ཉེ་བའི་ལོ་གསུམ་གྱི་རིང་། རིམ་པ་ཁག་གི་མཐོ་སློབ་ཀྱིས་རང་ཁུལ་ནས་སློབ་མ་བསྡུ་ཚད་93%ཡན་རྒྱུན་འཁྱོངས་བྱས་པའི་ནང་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་ཚད་32%ཡན་རྒྱུན་འཁྱོངས་ཐུབ་པ་དང་། 2000ལོ་ནས་བཟུང་ཁྱོན་བསྡོམས་མི་བཅུ་ཆིང་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན་གྱིས་བསྡུས་ཡོད།

དགེ་རྒན་གྱི་དཔུང་ཁག་གི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 

       མིག་སྔའི་བར་ཁུལ་ཡོངས་སུ་སི་ཁྲོན་ཞིང་ཆེན་གྱི་དམིགས་བསལ་དགེ་རྒན་34དང་མཐོ་རིམ་དགེ་རྒན་10ཡོད་པ་དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན་དང་སློབ་སྤྱི་གྲགས་ཅན་7དང་ཞིང་ཆེན་རིམ་པའི་ལས་སྒྲུབ་ཁང་གི་སྣེ་ཁྲིད་དགེ་རྒན་གྲགས་ཅན་2ཡོད། བསྟུད་མར་དགེ་རྒན་གྱི་ལས་སུ་ཞུགས་ནས་ལོ་30འགོར་ཡོད་པ་དང་དེའི་ཡན་གྱི་རྒན་ཡོལ་ཞུས་པའི་དགེ་རྒན་ལ་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི་2ཡན་སྤྲོད་རྒྱུ། ཚེ་གང་སློབ་གསོའི་དཔེ་བཟང་དགེ་རྒན་10ལ་མི་རེར་བྱ་དགའ་སྒོར་ཁྲི་10སྤྲད་ནས་ཁུལ་ཡོངས་ཀྱི་དགེ་རྒན་གྱིས་ཡུན་རིང་སློབ་ཁྲིད་དང་ཚེ་གང་བོར་སློབ་ཁྲིད་བྱ་རྒྱུར་སྐུལ་མ་བྱས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།