ཟུང་ཆུ་རྫོང་གི་འཕོ་འགྱུར་དང་ལོ་ངོ་བདུན་ཅུ།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2019-09-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

1920ལོའི་ཟུང་ཆུ་རྫོང་གི་ལྷོ་མཐའི་མཁར་ཞོལ།

ཟུང་ཆུ་རྫོང་གི་གནའ་མཁར།

              ལོ་ངོ་བདུན་ཅུའི་འཕེལ་འགྱུར་རིང་མོར་ཟུང་ཆུ་རྫོང་གི་ཡུལ་གྲོང་ཀུན་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། ཟས་གྲོད་པ་འགེངས་ཤག་ཅིག་ཟོས་ཏེ། ལམ་སྲང་དག་ཏུ་དལ་གྱིས་བསྐྱོད་པ་ན། མི་རྣམས་ཀྱི་མིག་ལམ་དུ་མངོན་པ་ནི་ཁྲ་ཆིལ་དགུ་ཆིལ་གྱི་ཚོང་བཤམ་སྣ་ཚོགས་དང་། གཙང་དག་གི་ལམ་སྲང་། གྲ་རྒྱས་ཆེ་བའི་ཁྲོམ་ར། མི་རིགས་སོ་སོ་ཕན་ཚུན་འཆམ་ཞིང་མཐུན་པའི་ངང་ཚུལ་སོགས་རེད།

             འདས་ཟིན་པའི་ལོ་ངོ་70རིང་དུ། ཟུང་ཆུའི་རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ཀྱི་མགོ་མཐུན་སྒྲིལ་ཆེན་པོས་ཁྲིད་དེ། དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ཤིང་། ཧ་ཅང་ནན་ཏན་ཆེན་པོས་ཏང་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་རིམ་པའི་ཐབས་ཇུས་བཀོད་སྒྲིག་སོ་སོ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་གཏན་འཇགས་བྱས་པ་སོགས་དཀའ་བའི་ལས་བགྱིས་པར་འབྲས་བུ་བླ་ལྷག་ཐོབ་པ་རེད།

             དཔལ་འབྱོར་སྐས་རིམ་གསར་བ་ཞིག་ཏུ་སྤར་བ་སྟེ། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀུན་གྱིས་ཐུན་མོང་དུ་འབད་པའི་འབྲས་བུར། ཟུང་ཆུ་རྫོང་གི་དཔལ་འབྱོར་བསྐྱར་གསོ་བྱུང་ཞིང་། སྤུས་ཀ་མཐོ་ལ། ཆུ་ཚད་བཟང་བའི་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་སྐབས་ཤིག་ཏུ་བསྐྱོད་ཡོད་དེ། 1978ལོར་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་ཁྲི་2772ཡིན་པ་དང་། 2018ལོར་རྫོང་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱིར་21.11ལ་བསླེབས་ཤིང་། ཞིང་གྲོང་གི་སྡོད་དམངས་རྣམས་ཀྱི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12898ཡིན།

ཟུང་ཆུའི་གནའ་ཟམ།

སྲང་ལམ་ལྷོ་མ།

དུས་རབས་གོང་མའི་ལོ་རབས་80པའི་མགྲོན་འཁོར།

གནམ་གྲུ་ཐང་།

          རྣམ་གྲངས་འཛུགས་སྐྲུན་མཐོ་བ་སྟེ། ཁྲེང་ལན་ལྕགས་ལམ་(ཟུང་ཆུའི་བར་)དང་། ཅན་ཁེ་གློག་ཚིགས་སོགས་ཞིང་ཆེན་དང་། ཁུལ་རིམ་པའི་རྣམ་གྲངས་གལ་ཆེན་དྲུག་དང་། སྲིད་གཞུང་རང་བཞིན་གྱི་མ་འཇོག་རྣམ་གྲངས་279བཅས་བདེ་བླག་ཏུ་སྐུལ་སྤེལ་བྱས། རྫོང་མཁར་བར་གྱི་རྒྱལ་ལམ་213པའི་བསྐྱར་སྐྲུན་ལས་གྲྭ་བདེ་བླག་ངང་ཞིང་ཆེན་ཡོངས་ཀྱི་ལྔ་འཆར་བཅུ་གསུམ་པའི་དུས་དཀྱིལ་ལེགས་སྒྲིག་ཏུ་ཆུད་པར་བྱས་པ་དང་། རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱིར་3.9ལག་ལེན་དུ་བཏབ། ཕིང་ཝུའུ་ནས་ཟུང་ཆུའི་བར་གྱི་གཞུང་ལམ་དང་། ཟུང་ཆུ་ནས་ཁྲོ་ཆུའི་བར་གྱི་གཞུང་ལམ་གཉིས་ཞིང་ཆེན་ཡོངས་ཀྱི་ལྔ་འཆར་བཅུ་གསུམ་པའི་རྣམ་གྲངས་ཀྱི་གཞི་མཛོད་དུ་ལེགས་པར་ཚུད། ཁྲེང་ཏུའུ་ནས་ཞི་ཨན་བར་གྱི་ལྕགས་ལམ་(ཟུང་ཆུའི་བར་)གྱི་གྲ་སྒྲིག་གི་བྱ་བ་བདེ་བླག་ཏུ་སྐུལ་སྤེལ་བྱས། གྲོང་ལྷོ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་། གནའ་མཁར་ལྗོངས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པ་བཅས་སོ། 

          དམངས་འཚོའི་ཞབས་ཞུའི་ལེའུ་གསར་བ་སྟེ། ཟུང་ཆུ་རྫོང་གིས་འབད་པ་ཆེན་པོས་དམངས་འཚོ་ལེགས་སུ་བཏང་བ་དང་། ཕྱོགས་ཡོངས་ནས་དམངས་འཚོའི་ལས་གྲྭ་བཅུ་དང་། དམངས་འཚོའི་ལས་དོན་13ལག་བསྟར་བྱས་ལ། རྫོང་ཡོངས་ཀྱི་དམངས་འཚོའི་འགྲོ་སོང་གིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་གི་སྡུར་ཚད་ལས་བརྒྱ་ཆ་81ཟིན་ཅིང་། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་བརྒྱ་ཆའི་གྲངས་16ལས་མཐོ་བར་གྱུར། ལྕུམ་དང་། སྤྲི་ནག་གི་ཐོན་ལས་དབུལ་སྐྱོར་གྱི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་སོགས་ཚན་རྩལ་གྱིས་ཞིང་ལས་ལ་རོགས་འདེགས་བྱེད་པའི་དཔེ་སྟོན་རྣམ་གྲངས་14ལག་བསྟར་དོན་འཁྱོལ་བྱས། ཅིན་ཨན་བྱིས་གཉོར་ཁང་དང་ཁེ་ལས་ཀྱིས་མཉམ་དུ་དམངས་གཉེར་འཛུགས་པའི་མཉམ་འབྲེལ་བཞག་ཅིང་། སློབ་གྲྭ་འབྲིང་ཆུང་གི་ཆ་འཕྲིན་ཅན་གྱི་ཤར་གཏོང་གསུམ་དང་སྟེགས་བུ་གཉིས་ཀྱི་འཛུགས་སྐྲུན་དང་བེད་སྤྱོད་ལེགས་པར་གྲུབ་ལ། ཟུང་ཆུ་རྫོང་སློབ་འབྲིང་གིས་ཁུལ་རིམ་པའི་ཆ་ཚང་ལམ་ལུགས་ཀྱི་ཚད་ལྡན་རང་བཞིན་གྱི་དཔེ་སྟོན་སློབ་གྲྭ་འཛུགས་སྐྲུན་ལེགས་པར་གྲུབ་སྟེ། སློབ་གསོའི་སྤུས་ཀ་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བ་དང་། རྫོང་མི་དམངས་སྨན་ཁང་དང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གཉིས་པའི་བར་དུ་འབྲེལ་ལམ་ཟབ་ཏུ་བཏང་ཞིང་། རྫོང་ཀྲུང་བོད་སྨན་ཁང་དང་ལྷན་དུ་ཐུན་མོང་ཅན་འཛུགས་སྐྲུན་བྱེད་པ་དང་། ནད་ཚབས་ཆེན་གྱི་ནད་སྐྱོང་ཁང་(ICU)གསར་དུ་བསྐྲུན་པ་དང་། ཁབ་མེའི་བཅོས་སྐྱོང་ཁང་དང་། རུས་ནད་ཚན་ཁག་དང་། མོ་ནད་ཚན་ཁག་སོགས་ཀྱི་འཛུགས་སྐྲུན་ཆུ་ཚད་གོང་དུ་སྤེལ་བ་སོགས་སྨན་བཅོས་ཞབས་ཞུའི་ནུས་པ་ཇེ་བཟང་དུ་གྱུར །

དམར་དམག་རྒྱང་སྐྱོད་ཀྱི་རྗེས་དྲན་རྡོ་རིང་གླིང་།

དུས་རབས་གོང་མའི་ལོ་རབས་50བའི་རྨོད་འདེབས།

         ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་ཚུན་ནས་བཟུང་སྟེ། ཟུང་ཆུ་རྫོང་གིས་ཧ་ཅང་ནན་ཏན་ཆེན་པོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་རོལ་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་དོན་འཁྱོར་བྱས་ཤིང་། འཕེལ་རྒྱས་ཀྱི་རིག་ལམ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་གདོན་ཡུལ་ནས་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་གཏིང་ཟབ་བྱས་ཤིང་། ཧུར་བརྩོན་ཆེན་པོས་འཕེལ་རྒྱས་ཀྱི་ཁྲོད་དུ་གནས་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་དག་ཐག་གཅོད་བྱས་ཏེ། མིག་རྒྱང་རིང་བའི་འཕེལ་རྒྱས་ཀྱི་དམིགས་ཡུལ་བཙུགས། ད་ལྟ། ཟུང་ཆུ་རྫོང་གི་མི་རིགས་སོ་སོ་མཐུན་སྒྲིལ་ཡར་ཐོན་ཆེ་བ་དང་། ཡུལ་གྲོང་གི་རྣམ་པ་གསར་ཞིང་། སྡོད་གནས་ཀྱི་ཁོར་ཡུག་བཟང་ལ། སྤྱི་ཚོགས་ཀྱི་འགན་སྲུང་ཇེ་བས་ཇེ་ལེགས་སུ་ཕྱིན་པ་དང་། མི་རིགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེ་ལ། མི་དམངས་མང་ཚོགས་བདེ་སྐྱིད་ལྡན་པར་གནས་སོ།།

          1935ལོར། ཀྲུང་གོའི་བཟོ་ཞིང་དམར་དམག་གི་དམག་ཕྱོགས་དང་པོ་དང་། གཉིས་པ། བཞི་པ་བཅས་དམར་དམག་རྒྱང་སྐྱོད་ཀྱི་སྐབས་སུ་ཟུང་ཆུ་བརྒྱུད་ཅིང་། རྒྱང་སྐྱོད་ཀྱི་ལོ་རྒྱུས་སུ་སྙན་གྲགས་ཆེ་བའི་དམུ་དགེའི་གྲོས་ཚོགས་དང་། ས་འབུར་གྲོས་ཚོགས་གཉིས་བསྡུས་ཤིང་། ཟུང་ཆུར་དམར་དམག་གི་རྐང་རྗེས་ཡལ་བ་མེད་པ་བཞག་ལ། རླབས་ཆེ་བའི་དམར་དམག་རྒྱང་སྐྱོད་ཀྱི་མཛད་པ་གང་དེར་རྗེས་དྲན་བྱ་ཆེད་དུ། དུས་རབས་གོང་མའི་ལོ་རབས་80པར་ཀྲུང་གུང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུས་དམར་དམག་རྒྱང་སྐྱོད་ཀྱི་རྗེས་དྲན་རྡོ་རིང་གླིང་བསྐྲུན་རྒྱུའི་ཐག་བཅད་ཅིང་། བསྐྲུན་ཡུལ་ཟུང་ཆུ་རྫོང་གི་གཙོ་ཚང་སྒུ་གྲོང་རྡལ་དུ་གཏན་ཁེལ་བྱས། རྗེས་དྲན་རྡོ་རིང་གླིང་འདི་1988ལོའི་ཟླ་6པར་རྨང་བཏིངས་པ་དང་། 1990ལོའི་ཟླ་8པར་ལེགས་པར་གྲུབ་ཅིང་། བློ་མཐུན་ཏེང་ཞའོ་ཕིང་གིས་དམར་དམག་རྒྱང་སྐྱོད་ཀྱི་རྗེས་དྲན་རྡོ་རིང་གླིང་ཞེས་པའི་མིང་ཡིག་བསྩལ་ཏོ།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།