ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ གི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

རྩོམ་པ་པོ།   དུས་ཚོད།   2019-09-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་9ཚེས་22ཉིན། ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་ཟུང་ཆུ་རྫོང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་ཏེ་གསུང་བཤད་གནང་ནས། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཞིང་ཨུའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ་དང་། གནས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བྱེད་པ། བྱེད་ཐབས་འདོན་པ། གནད་དོན་ཐག་གཅོད། ལོ་འཁོར་དཔལ་འབྱོར་འཕར་སྣོན་གཏོང་བའི་དམིགས་འབེན་གཏན་ནས་འགྱུར་བ་མེད་པར། ལོ་ཧྲིལ་བོའི་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་འགན་ལེགས་སུ་འགྲུབ་པར་འགན་ལེན་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ལེགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

             ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་ཚོགས་འདུར་ཞུགས།

             ཚོགས་འདུར་ཟླ1པ་ནས་ཟླ་8པའི་བར་ཁུལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་བརྡ་ཁྱབ་དུ་བཏང་བ་དང་། 《ཁུལ་གྱི་རྒྱལ་ཁབ་གཏོང་དངུལ་ཀུང་སི་དང་རྔ་བ་ཁུལ་ཅིན་ཅིན་ལུང་ལྗོངས་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉིས་ཀྱི་བུ་ལོན་གྱི་ཚབ་ཏུ་ནོར་རྫས་སྤྲོད་པའི་གྲོས་མཐུན》ལ་གྲོས་ཞིབ་བྱས་པ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལེགས་པོར་གཏོང་བའི་“1+5”ལས་ཀའི་འཆར་གཞི་ལ་གྲོས་ཞིབ་བྱས།།  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།