ཁུལ་ཨུའི་ཕྱི་འབྲེལ་ལས་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   དུས་ཚོད།   2019-09-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                     རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། ཁུལ་ཨུའི་ཕྱི་འབྲེལ་ལས་དོན་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁོང་གིས་གསུང་དོན། ཕྱི་འབྲེལ་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་དུ་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཨུའི་ཕྱི་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ལེགས་པོ་བྱེད་པ། སྙིང་སྟོབས་ཆེར་སྐྱེད་དང་མཐུན་སྒྲིལ་རོགས་ལས། གསར་གཏོད་གསར་སྐྲུན། ལས་ཀ་ནན་སྒྲུབ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་སྒོ་འབྱེད་རྣམ་པ་ཆགས་པར་སྐུལ་འདེད་བཏང་ནས། རྔ་བ་ཁུལ་གྱི་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་བ་བསྐྲུན་པར་འབད་པ་དང་དུས་རབས་གསར་བར་ཁུལ་བརྟན་བརླིང་དང་དར་སྤེལ་གཏོང་བར་བྱས་རྗེས་འབུལ་དགོས།

                 ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཚོགས་འདུའི་གཙོ་འགན་བཞེས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་གོ་རྣམས་ཚོགས་འདུར་ཕེབས།

               ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་སྒོས་འཚོགས་པ་རེད། ཚོགས་འདུར་ཞིང་ཨུའི་ཕྱི་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཁུལ་ཨུའི་ཕྱི་འབྲེལ་ལས་དོན་གཞུང་ལས་ཁང་དང་ཁུལ་སྤྱི་བདེ་ཅུས། ཁུལ་ཚོང་དོན་དཔལ་འབྱོར་མཉམ་ལས་ཅུས། ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས་སོགས་ཀྱིས་བསམ་བློ་བརྗེ་རེས་བྱ་བའི་སྐད་ཆ་བཤད།།  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།