2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིསམཚོན་རྟགས།

༄༅།།2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིསམཚོན་རྟགས་ཁྱབ་སྤེལ་བྱེད་སྒོ་སྤེལ་བ། ཧན་ཀྲེང་ཚོགས་འདུར་ཞུགས་པ་དང་བཀྲ་ཤིས་མཚོན་རྟགས་སྤེལ།

རྩོམ་པ་པོ།   དུས་ཚོད།   2019-09-19   རྩོམ་ཁུངས།    མི་དམངས་དྲ་བ།

           ཟླ་9ཚེས་17ཉིན། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་ཁྱབ་སྤེལ་མཛད་སྒོ་ཚེས་17ཉིན་གྱི་དགོང་མོར་པེ་ཅིང་ཧྲའོ་ཀང་ཡོན་ཆུས་རྒྱལ་ཁབ་དགུན་དུས་ཨོ་རྩལ་སྦྱོང་བརྡར་ལྟེ་གནས་འཁྱགས་གྲུག་ཁང་དུ་གཟབ་རྒྱས་ངང་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་24པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་ཧན་ཀྲེང་ཚོགས་འདུར་ཞུགས་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་རྟགས་མཚོན་“པིང་ཏུན་ཏུན”ཁྱབ་སྤེལ་བྱས། 

        པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་“པིང་ཏུན་ཏུན”ནི་དོམ་ཁྲའི་གཟུགས་བརྙན་ལ་གཞིགས་ནས་ཇུས་འགོད་གསར་གཏོད་བྱས་པ་དང་། འཁྱགས་དར་གྱིས་དྭངས་གཙང་དང་། སྟོབས་དང་ལྡན་པ་མཚོན་པས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཁྱད་ཆོས་དང་མཐུན་པ་ཡོད། ཏུན་ཏུན་གྱི་མཚོན་དོན་ནི་བློ་དཀར་སེམས་དཀར་དང་། བདེ་ཐང་། གསོན་ཉམས་ལྡན་པ། སྙིང་རྗེ་མོ། དོམ་ཁྲ་ཡི་གཟུགས་བརྙན་དང་མཚུངས་པས། དེས་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་བའི་སྟོབས་དང་ལྡན་པའི་གཟུགས་པོ་དང་། བློ་རྩ་བརྟན་པོ། སེམས་འགུལ་ཐེབས་པའི་ཨོ་ལིན་ཕེ་ཁི་ཡི་དགོངས་དོན་མཚོན་ཡོད། 

        དེའི་རྗེས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི། པེ་ཅིང་དགུན་དུས་ཨོ་རྩལ་རྩ་འཛུགས་ཨུ་ཡོན་གྱི་ཀྲུའུ་ཞི་ཚའེ་ཆི་དང་ཧོ་པེ་ཞིང་ཆེན་གྱི་འགོ་འཛིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཀྲང་ཧའེ་ཏི་དང་། དེ་བཞིན་དུ་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་དང་གངས་འཁྱགས་ན་གཞོན་འཐུས་མི་བཅས་ཀྱིས་མཉམ་དུ་པེ་ཅིང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་“ཞའེ་རོང་རོང་”བསྟན། 

        པེ་ཅིང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་“ཞའེ་རོང་རོང་”ནི་ལྒང་ཞུ་ལ་གཞིགས་ནས་ཇུས་འགོད་གསར་གཏོད་བྱས་ཡོད། ཁ་བས་དྭངས་ཤིང་གཙང་བ་དང་། མཛེས་སྡུག་ལྡན་པ་མཚོན་ཞིང་། མཉམ་འདྲེས་ལུས་རྩལ་གྱི་ཁྱད་ཆོས་ལྡན་ཡོད། རོང་རོང་གིས་འཛམ་གླིང་དཔལ་ཡོན་སྤེལ་རེས་འབྲེལ་འདྲིས། ཞི་མཐུན་འཕེལ་རྒྱས་ཀྱི་འདུ་ཤེས་མཚོན་ཡོད། ལྒང་ཞུ་ཡིས་གྲུབ་འབྲས་དང་བཀྲ་ཤིས་རྟེན་འབྲེལ། བདེ་སྐྱིད་དང་འོད་མདངས་མཚོན་པས། དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པས་དཀའ་སྤྱད་འབད་བརྩོན་དང་འཛམ་གླིང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཤེས་མངོན་པར་བྱས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།