ཐོག་མའི་བསམ་འདུན་སེམས་ལ་བཅངས།རྔ་ལྗོངས་ཕྱུག་མོར་སྐྱེས་སྟོབས་རྒྱས།

རྩོམ་པ་པོ།   དུས་ཚོད།   2019-09-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་གྲགས་པ་བསྟན་འཛིན་དང་བསོད་ནམས་སྐྱིད།) དེ་རིང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་སྟེ་ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་གཙོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ལ། རང་ཁུལ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་གཙོའི་སློབ་གསོར་སྐུལ་སློང་བཀོད་སྒྲིག་བྱས།

              ཐོག་མའི་བསམ་འདུན་ནི་དཀའ་སྡུག་ལས་བྱུང་བ་དང་། ཐོག་མའི་བསམ་འདུན་ནི་སྙིང་སྟོབས་ལ་གཞི་ཚུགས་པ་དང་། ཐོག་མའི་བསམ་འདུན་ནི་ཧུར་བསྐྱེད་ལས་གྲུབ་པ་ཞིག་ཡིན། དེ་ཡང་ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་གཙོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་དུས་འདིར། ཀྲུང་གུང་རྔ་བ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། རྔ་བའི་ཉིན་རེའི་གསར་འགྱུར་ཁང་། ཀྲུང་གུང་རྔ་བ་ཁུལ་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཆེད་དུ་བརྙན་ཐུང་ཐོག་མའི་བསམ་འདུན་ནམ་ཡང་སེམས་ལ་བཅངས་ནས། རྔ་ལྗོངས་ཕྱུག་མོར་ནམ་ཡང་སྐྱེས་སྟོབས་རྒྱས། ཞེས་པ་ཆེད་དམིགས་ངང་བཏོན་ནས་ཐོག་མའི་བསམ་འདུན་བརྟན་སྲུང་ཁྲོད་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་རེད། 

ཐོག་མའི་བསམ་འདུན་ནམ་ཡང་སེམས་ལ་བཅངས།

རྔ་ལྗོངས་ཕྱུག་མོར་ནམ་ཡང་སྐྱེས་སྟོབས་རྒྱས། 

རི་བོ་ཚར་དུ་དངར།

གཙང་བོ་ལྷུང་ལྷུང་དུ་འབབ།

རྔ་ཁུལ་དུ་ནམ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་གནས་པ།

དུས་རྒྱུན་དུ།

ང་ཚོས་དམར་དམག་རྒྱང་སྐྱོད་སྙིང་སྟོབས་ཀྱིས་ཐོག་མའི་བསམ་འདུན་གསོ།

དུས་རྒྱུན་དུ།

ང་ཚོས་རླབས་ཆེན་གྱི་གནོད་སེལ་རྒུད་སྐྱོབ་སྙིང་སྟོབས་ཀྱིས་འགན་འཁྲི་ལག་ཏུ་བསྟར་ཏེ།

ཧུར་བརྩོན་གྱིས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་སྐྲུན་པའི་རྔ་བའི་མཛད་ཆེན་འབྲི།

★ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས།

དཀའ་སྡུག་གི་ཁྲོད་དུ་སྟོབས་ཤུགས་བསྐྱེད།

ཐོག་མའི་བསམ་འདུན་ནི་སྲ་ཞིང་བརྟན་པའོ།།

1935ལོའི་ཟླ་4ནས་1936ལོའི་ཟླ་8བར་དུ། དམར་དམག་རྒྱང་སྐྱོད་སྐབས་རྔ་བ་རུ་ཟླ་16ལ་བསྡད་དེ།

གངས་རི་ཆེན་པོ་བརྒྱད་བརྒལ།

སྤང་ལྗོངས་ཆེན་མོ་གསུམ་བརྒྱུད།


དཀའ་ངལ་དང་ཉེན་ཁ་ལ་མི་ཞེད།

དགྲ་བོས་སྐོར་བཅོམ་ལས་ཐར་བ།

གསར་བརྗེའི་ཕུགས་འདུན་གནམ་འཕང་ལས་མཐོ།

དཀའ་ངལ་གང་ལ་མི་སྐྲག་པ།

གང་ལའང་མི་འཛེམས་པར་ཡོད་ཚད་བློས་བཏང་ནས།

དམངས་ལ་འཚོ་བ་སྐྱིད་པོ་རོལ་ཏུ་འཇུག

ཀྲུང་གོའི་མི་དམངས་ཀྱི་མགོ་བོ་དགྱེ་བར་བྱས།


ཀྲུང་གོའི་གསར་བརྗེ་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་ལམ་ཆེན་ཞིག་བཏོད་དེ།

མི་དམངས་སྡུག་བསྔལ་ལས་བསྐྱབས་པའི་ཐོག་མའི་བསམ་འདུན་གྱིས་མི་སེམས་འགུལ། 


★ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས།

 དར་རྒྱས་ཀྱི་ཁྲོད་དུ་སྙིང་རུས་ཧུར་དུ་སྐྱེད།

ཐོག་མའི་བསམ་འདུན་ནི་མགོ་མི་སྒུར་བའོ།།

2008ལོའི་ཟླ་5ཚེས་12ཉིན། ཝུན་ཁྲོན་ས་འགུལ་ཆེན་མོས་རྔ་བར་གནོད་འཚེ་ཚབས་ཆེན་བཟོས་ནས། 

ཁུལ་ཡོངས་རྒྱལ་ཁབ་བཙུགས་ཚུན་ཉེན་ཁ་ཆེ་ཤོས་དང་། ཛ་དྲག་ཆེ་ཤོས། དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་སུ་སླེབས།

ཀྲུང་གོ་གུང་ཁྲན་ཏང་གིས་འཕྲལ་མར་དཀའ་ཉེན་ལ་གདོང་གཏད་ནས།

དཔའ་ངར་ཆེན་པོ་དང་གཅེས་སེམས་ཆེན་པོས་བདེ་འཇགས་ཀྱི་གྲུ་གཟིངས་ལ་སྲུང་སྐྱོང་དང་རེ་བའི་གྲུ་གཟིངས་བཏང་བྱུང་། 

རྔ་ཁུལ་དྲོ་སྐྱིད་ལྡན་ས་དང་ཡིད་ཆེས་ཁེངས་ས། སྟོབས་ཤུགས་ཁེངས་སར་གྱུར། 

སྐྱོ་ཉམས་ནས་བརྗིད་ཉམས་ཕྱོགས་སུ་བསྐྱོད་ལ། 

གནོད་འཚེ་ལས་རྣམ་པར་རྒྱལ་བའི་རྔ་བ་གསར་བའི་

མི་དམངས་བླ་ན་མེད་པའི་ཐོག་མའི་བསམ་འདུན་གྱིས་མི་སེམས་འགུལ།

★ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས།

འབད་འཐབ་ཀྱི་ཁྲོད་དུ་དར་རྒྱས་གོང་སྤེལ་བྱས། 

ཐོག་མའི་བསམ་འདུན་ནི་དངོས་ཡོད་ཡིན་ནོ།།

རྔ་བར་བཅིངས་འགྲོལ་དང་དམངས་གཙོ། བརྟན་ལྷིང་། འཕེལ་རྒྱས་སོགས་བསྐྲུན་ཡོང་།


ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པས། རྔ་བ་ཡར་ལངས་པ་དང་འབྱོར་ཕྱུག་རྒྱས་པ། སྟོབས་ལྡན་དུ་གྱུར་བར་བྱས། 

འགན་འཁྲི་ཡིད་ལ་བརྟན་པོར་ངེས་པས། 

རྔ་བར་ཐོག་མའི་བསམ་འདུན་བརྗེད་དུ་མ་བཅུག 

དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོལ་བ་དང་། 

ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཆེད་སྟོབས་ཤུགས་ཕུལ་བ། 

ཧུར་ཐག་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་བྱས་ནས།

ང་ཚོར་བློ་གྲུང་ལག་བདེ་ཡོང་བར་བྱས། 

བསམ་བློ་ཆབ་སྲིད་ལ་ཉམས་སད་ཐེབས་ཏེ་

ང་ཚོར་སྔར་བས་བརྗིད་ཆེའི་བློ་སྟོབས་ལྡན་པར་བཅུག 

ལས་སྒྲུབ་ལས་གཏོད་ཀྱིས་འགན་འཁྲི་ཁུར་ཕོད་པ་བྱས་ཏེ།

ང་ཚོར་སྔར་བས་གནོང་འགྱོད་མེད་པར་བྱས། 

དམངས་ལ་ཞབས་ཞུ་དང་དཀའ་གནད་བསལ་ནས་

ང་ཚོར་སྔར་བས་ལྷག་བསམ་རྣམ་དག་ལྡན་དུ་བཅུག 

སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་བསྟན་པས་

ང་ཚོར་སྔར་བས་བློ་བདེ་བག་ཕེབས་ཡོང་བར་བཅུག

སྔ་ཙམ་ནས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱས་ནས། 

ཀྲུང་གོའི་ཕུགས་འདུན་ལ་བྱས་རྗེས་ཕུལ།

ཐོག་མའི་བསམ་འདུན་ནམ་ཡང་སེམས་ལ་བཅངས།

རྔ་ལྗོངས་ཕྱུག་མོར་ནམ་ཡང་སྐྱེས་སྟོབས་རྒྱས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།