རི་སྐྱེས་སྲེའུ་མངར་མང་ཚོགས་ཀྱི་ཡོང་འཕར་བར་རམ་འདེགས་བྱས།

རྩོམ་པ་པོ།   དུས་ཚོད།   2019-09-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               

               ཉེ་ཆར། བཙན་ལྷ་རྫོང་ཏ་ཡུང་གྲོང་རྡལ་ཤི་ཀི་གྲོང་ཚོའི་གྲོང་མི་ཀྲང་ཀྲི་ཅུན་གྱིས་རི་སྐྱེས་སྲེའུ་མངར་བཏོག་བཞིན་འདུག ཁོས་གསར་འགོད་པར་བཤད་པ་ལྟར་ན། ད་ལོར་རི་སྐྱེས་སྲེའུ་མངར་གྱི་རིན་གོང་ན་ནིང་དང་བསྡུར་ན་ལེགས་ཤིང་། རྒྱ་མ་རེར་སྒོར་6རེ་ཁུག མི་རེས་ཉིན་རེར་རྒྱ་མ་40ནས་50ཙམ་བཏོག་ཐུབ་པར་མ་ཟད། གྱ་གྱུ་ལ་རང་བྱུང་རི་སྐྱེས་སྲེའུ་མངར་ཨ་རག་ལས་རིགས་ཚད་ཡོད་ཀུང་སི་ཉིན་རེར་གྲོང་ཚོ་རུ་ཐོན་ནས་སྲེའུ་མངར་ཉོས་ཏེ་ང་ཚོར་ཡོང་འབབ་མང་པོ་འཕར་ཐུབ་ཡོད།

                རྒྱུས་ལོན་པ་ལྟར་ན། རི་སྐྱེས་སྲེའུ་མངར་ནི་མཚོ་ངོས་ལས་མཐོ་ཚད་སྨི་3000ཡན་དུ་སྐྱེས་པའི་རི་སྐྱེས་སིལ་ཏོག་ཅིག་ཡིན་ཞིང་། ཏ་ཡུང་གྲོང་རྡལ་ཤི་ཀི་གྲོང་ཚོ་ནི་རྫོང་དེའི་རི་སྐྱེས་སྲེའུ་མངར་སྐྱེས་པའི་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་། ལོ་རེའི་ཟླ་8པ་ནི་རི་སྐྱེས་སྲེའུ་མངར་སྨིན་པའི་དུས་ཚིགས་ཡིན་ལ། ས་གནས་ཀྱི་མང་ཚོགས་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས།

              ད་ལོར་ང་ཚོས་རི་སྐྱེས་སྲེའུ་མངར་ཏུན་300ཉོ་བའི་འཆར་གཞི་ཡོད་ཅིང་། སྤུས་ལེགས་ཀྱི་རི་སྐྱེས་སྲེའུ་མངར་རྒྱལ་ཡོངས་སུ་བཀྲམས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རམ་འདེགས་བྱས། ཞེས་བཙན་ལྷ་རྫོང་གྱ་གྱུ་ལ་རང་བྱུང་རི་སྐྱེས་སྲེའུ་མངར་ཨ་རག་ལས་རིགས་ཚད་ཡོད་ཀུང་སིའི་འགན་ཁུར་བ་ཆིན་ཅ་རུའུ་ཡིས་དེ་ལྟར་བཤད།  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།