ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་འཁྱུར་ ལས་བྲལ་གྱི་དགེ་བཟོ་བ་རྣམས་ལ་ཕུལ་བའི་འཚམས་འདྲིའི་ཡི་གེ།

རྩོམ་པ་པོ།   དུས་ཚོད།   2019-09-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་འཁྱུར་ལས་བྲལ་གྱི་དགེ་བཟོ་བ་རྣམ་པ།

            རྔུལ་ཆུའི་ཐིགས་པ་བསགས་ནས་སློབ་གསོའི་ལྗོན་བཟང་རྒྱས།།  བརྩོན་འགྲུས་བསྐྱེད་ནས་ཡོན་ཏན་པ་རུ་གསོ་སྐྱོང་བྱེད།།  དགེ་རྒན་དུས་སྟོན་ཐེངས་35བསླེབས་པའི་ཉིན་འདིར། ཀྲུང་གུང་རྔ་བ་ཁུལ་ཨུ་དང་རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་སློབ་གསོའི་ལས་རིགས་སུ་འབད་བརྩོན་བྱེད་བཞིན་པའི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ་རྣམས་ལ་དུས་སྟོན་གྱི་རྟེན་འབྲེལ་ཞུ་བ་དང་སྦྲགས། རང་ཁུལ་གྱི་སློབ་གསོའི་ལས་དོན་ལ་བྱས་རྗེས་བཞག་པའི་ལས་འཁྱུར་ལས་བྲལ་གྱི་དགེ་བཟོ་བ་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ། རང་ཁུལ་གྱི་སློབ་གསོའི་ལས་དོན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

             ལོ་རེ་བཞིན་དུ་འབྲས་བཟང་མེ་ཏོག་རྒྱས་པར་བཞད།།ད་ལོའི་འབྲས་བཟང་མེ་ཏོག་ལྷག་ཏུ་བཀྲག་མདངས་ཆེ།།  ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་སློབ་གསོ་སྔོན་སྤེལ་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་། མི་རིགས་སློབ་གསོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ནི་དམིགས་འབེན་དུ་བཟུང་སྟེ། སློབ་གསོའི་ལས་དོན་འཕེལ་རྒྱས་དེ་རང་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལེགས་པར་འགྲུབ་པར་བྱ་བ་དང་བོད་ཁུལ་ཡུན་རིང་བདེ་སྡོད་འགྲུབ་པར་བྱེད་པའི་སྤྱི་ཚོགས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་བྱས་ཤིང་། ཁུལ་ཡོངས་ཀྱི་མི་རིགས་ས་ཁུལ་དུ་ལོ་བཅོ་ལྔའི་འོས་འགན་སློབ་གསོའི་དམིགས་འབེན་ཁྲིམས་བཀོད་རྣམ་པས་ཐོག་མར་གཏན་ལ་ཕབ་ཡོད། རྒྱལ་ཁབ་ཀྱིས་རྫོང་ཁག(གྲོང་ཁྱེར)13གྱི་མངའ་ཁོངས་སུ་འོས་འགན་སློབ་གསོ་ཕལ་ཆེར་འདྲ་མཉམ་འཕེལ་རྒྱས་ལ་ལྟ་སྐུལ་མཛུབ་སྟོན་དང་གདེང་འཇོག་ཁས་ལེན་བྱས་པ་ནས། རྔ་བ་ཁུལ་ལས་རིགས་སློབ་གླིང་ལེགས་པར་བསྐྲུན་པ་སོགས་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཐད་ཕྱོགས་ཡོངས་དང་མཐུན་སྦྱོར། མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད། གྲུབ་འབྲས་བཟང་བོ་དེ་འདྲ་ཐོབ་པ་ནི། རིམ་པ་སོ་སོའི་སྡེ་ཁག་གིས་བསམ་ཤུགས་གཅིག་བསྒྲིལ་དང་དངོས་སྒྲུབ་ནན་འཛིན་གྱི་འབྲས་བུ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན། གང་ནུས་ཀྱིས་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཞིག་ཡིན། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོ་ལས་སྒྲུབ་པ་རྣམས་ཀྱིས་སྒེར་སེམས་སྤུ་ཙམ་མེད་པར་བརྩོན་པ་ཁུར་དུ་བཞེས་པའི་འབྲས་བུ་དེ་བས་ཀྱང་ངོ་།།

              སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བརྒྱའི་ཇུས་ཆེན་ལ་སློབ་གསོ་རྩ་བར་འཛིན། དགེ་རྒན་ནི་སློབ་གསོ་འཛིན་སྐྱོང་སྤེལ་གསུམ་གྱི་རྩ་བ་དང་འབྱུང་ཁུངས་ཡིན་ལ། བྱིས་པ་རེ་རེ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་མི་དམངས་ཀྱི་ཡིད་ཚིམས་པར་བྱེད་པའི་སློབ་གསོ་ལེགས་པར་བསྒྲུབ་པའི་ལས་འགན་ལྗིད་པོ་ཕྲག་ལ་ཁུར་ཡོད་ཅེས་གསུངས། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཀུན་ནས་དོན་འཁྱོལ། མི་དམངས་ཀྱི་ཡིད་ཚིམས་པར་བྱེད་པའི་སློབ་གསོ་ལེགས་པར་བསྒྲུབ་རྒྱུ་ནི་དམིགས་འབེན་དུ་འཛིན་པ་རྒྱུན་འཁྱོངས། ཀུན་སྤྱོད་ཀྱིས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་གཏིང་ཟབ་མོར་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་སློབ་གསོ་བདེ་བླག་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། སྒོས་སུ་ཆུ་ཆེན་རྩེ་མདའ་ཡི“6·27”འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་དང་ཝུན་ཁྲོན་གྱི“8·20”འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་དུས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གསོའི་སྡེ་ཁག་དང་གནོད་ཁུལ་གྱི་སློབ་གྲྭའི་རྒྱ་ཆེའི་དགེ་བཟོ་བ་རྣམས་ཀྱིས་འཕྲལ་མར་བློ་ཐག་ཆོད་པོས་གནོད་འཚེ་བསལ་བ་དང་། ཏང་ཨུ་དང་སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་འོག ཉེན་སེལ་རྒུད་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་ཧུར་ཐག་གིས་བྱས་ཏེ། གནོད་ཁུལ་གྱི་སློབ་གྲྭའི་རྒྱུན་ལྡན་སློབ་གསོ་དང་སློབ་ཁྲིད་ཀྱི་གོ་རིམ་སླར་གསོ་ལ་དཀའ་སྤྱད་འབད་བརྩོན་བྱས་ནས། གནོད་ཁུལ་གྱི་སློབ་མ་རྣམས་དུས་ལྟར་སློབ་གྲྭར་ལོག་པ་འགན་བླངས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁྱོད་ཚོར་བཀའ་དྲིན་ཆེ་ཞུ། ཁུལ་ཡོངས་ཀྱི་མི་དམངས་ཀྱིས་ཁྱོད་ཚོར་བཀའ་དྲིན་ཆེ་ཞུ།

            མ་འོངས་ལ་རྒྱང་ལྟ་བྱས་ན། ང་ཚོའི་ལས་འགན་ལྗིད་ཅིང་ལམ་ཐག་རིང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་ཁུལ་གཅིག་གླིང་གཉིས་དང་ཁྱིམ་གཞིས་གསུམ་ཇེ་མགྱོགས་སུ་འཛུགས་སྐྲུན་གཏན་ལ་ཕབ་པ་དང་། སྒྲིབ་དངོས་གཅིག་དང་རྒྱུད་བཞི། ཁོངས་ཡོངས་སྐྱེ་ཁམས། གནས་གསུམ་མཉམ་སྐྲུན། ལས་ལྔ་མཉམ་གཙོ་ཞེས་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་དགོས། ང་ཚོས་སློབ་གསོ་སྔོན་སྤེལ་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱེད་དགོས་ཤིང་། སྔར་བས་ཆོད་སེམས་བརྟན་པོ་དང་ནོར་ཤུགས་སྔར་བས་མང་བོས་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་གྱི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ། དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། དགེ་རྒན་གྱི་ལས་སྒྲུབ་དང་སློབ་སྦྱོང་། འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། དཔེ་ཁྲིད་མི་སྐྱོང་ལ་ཁོར་ཡུག་བཟང་བོ་བསྐྲུན་དགོས། སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་གསར་བས་སྔར་བས་བཟང་བོའི་སྒོ་ནས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་དམིགས་འབེན་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་དགོས། དེ་དང་སྦྲགས་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ་རྣམས་ཀྱིས་སྤྱོད་བཟང་གིས་མི་གཞི་སྐྱོང་བ་དང་དཔེ་ཁྲིད་མི་སྐྱོང་གི་བླ་ན་མེད་པའི་ལས་འགན་ཡིད་ལ་བཅགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་ནས་ལག་ལེན་དང་དགེ་རྒན་ལ་སློབ་སྦྱོང་དང་ཀུན་སྤྱོད་མིག་དཔེ་སྟོན་དགོས་ཤིང་། བཞི་ལྡན་ཀྱི་དགེ་རྒན་བཟང་བོ་ཞིག་ཏུ་འཁྱོངས་པར་འབད་པ་དང་སློབ་གསོ་སྒྱུར་བཅོས་ལ་ཧུར་ཐག་གིས་ཞུགས་པ། ཧུར་ཐག་གིས་གསར་གཏོད་ལག་ལེན་བྱས་ཏེ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་ཇེ་མགྱོགས་སུ་བསྐྲུན་པར་སྔར་བས་བྱས་རྗེས་གསར་བ་འཇོག་པར་རེ་བ་ཆེའོ།།

            ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོ་ལས་སྒྲུབ་པ། ལས་འཁྱུར་ལས་བྲལ་གྱི་དགེ་བཟོ་བ་རྣམས་ལ་དུས་སྟོན་གྱི་བདེ་ལེགས་དང་སྐུ་ཁམས་བདེ་ཐང་། བཀྲ་ཤིས་བདེ་ལེགས། ནཱ་ཅི་ནཱ་ལུའུ་ཡོང་བའི་སྨོན་འདུན་སྙིང་ཐག་པ་ནས་ཞུ།

ཀྲུང་གུང་རྔ་བ་ཁུལ་ཨུ་དང་།

ཀྲུང་གུང་རྔ་བ་ཁུལ་ཨུ་དང་།

རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས།

2019ལོའི་ཟླ་9བའི་ཚེས་10ཉིན།