སློབ་གསོའི་ཉི་འོད་མཐོ་སྒང་དུ་ཇེ་དྲོར་འགྲོ་བའི་ལས་སུ་འབད།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-09-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                  དགེ་རྒན་གྱི་དུས་སྟོན་ཐེངས་སོ་ལྔ་པར་ཐོན་ལ་ཉེ་བའི་ཆར། ཏེ་དབྱང་གི་རྔ་བར་རོགས་སྐྱོར་བྱེད་མཁན་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་བོད་སྐྱོར་སློབ་སྐྱོར་དགེ་རྒན་14སྒྲིག་འཛུགས་བྱས་ནས། ནུས་ཤུགས་ཡོད་རྒུས་མི་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་མ་བརྗེད་པར། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། དགེ་རྒན་དུས་སྟོན་གྱི་འཚམས་འདྲིའི་བཞུགས་མོལ་ཚོགས་འདུ་འཚོགས།

               ཚོགས་ཐོག་ཏུ། ཚང་མས་སློབ་གསོ་སྟོབས་ལྡན་པའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དབུལ་བྲལ་གནད་སྒྲོལ་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཉམ་དུ་སློབ་སྦྱོང་བྱས་པ་དང་། ཁྲིད་རོགས་དགེ་རྒན་གྱིས་བོད་སྐྱོར་གྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་རྔ་བར་རོགས་སྐྱོར་བྱེད་མཁན་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་དབུལ་བྲལ་གནད་སྒྲོལ་གྱི་སློབ་གསོའི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཞིབ་མོར་གསན། བོད་སྐྱོར་སློབ་སྐྱོར་དགེ་རྒན་གྱིས་རང་ཉིད་ཀྱི་ལས་གནས་དང་ཟུང་འབྲེལ་གྱིས་གཏམ་བཤད་སྤེལ་ནས། མིའི་རིགས་ཀྱི་བླ་སྲོག་གི་བཟོ་བཀོད་པ་ཞེས་པའི་གཟི་བརྗིད་མཚན་སྙན་དེ་ཆུད་ཟོས་སུ་མི་གཏོང་བའི་རྣམ་འགྱུར་བསྟན།

              མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་དབུལ་བྲལ་གནད་་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་དགེ་རྒན་རྣམས་ལ་དུས་སྟོན་གྱི་འཚམས་འདྲི་གནང་བ་དང་། ཁོང་ཚོས་དཀའ་ངལ་ལ་མ་འཛེམས་པའི་ལས་ཀའི་སྤྱོད་ཚུལ་བཟང་པོར་ཁས་ལེན་གང་ལེགས་གནང་། དེ་དང་ཆབས་གཅིག་ཏུ་རང་གི་ལས་ཀར་ཕྱོགས་སྡོམ་དང་། རྔ་བར་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཡོངས་ལ་སློབ་སྦྱོང་བྱས་ཏེ་དབུལ་བྲལ་གནད་སྒྲོལ་གྱི་ཆབ་སྲིད་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས་པའི་འབོད་སྐུལ་བྱས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།