ལིའུ་ཕིང་གིས་གཙོ་འགན་བཞེས་ནས“8·20”ཝུན་ཁྲོན་རྫོང་དུ་དྲག་ཆར་བབས་ནས་འདམ་རྡོ་ཆུ་རུད་བྱུང་བའི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀའི་ཚོགས་འདུ་འཚོགས།

རྩོམ་པ་པོ།   དུས་ཚོད།   2019-09-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  དྲག་ཆར་བབས་ནས་འདམ་རྡོ་ཆུ་རུད་བྱུང་བའི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀའི་ཚོགས་འདུ་ཝུན་ཁྲོན་རྫོང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཙུང་ལི་ལི་ཁེ་ཆང་དང་ཙུང་ལི་གཞོན་པ་ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དེ་མིན་ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་དཔོན་དབྱིན་ལི་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས“8·20”ཝུན་ཁྲོན་དུ་དྲག་ཆར་བབས་ནས་འདམ་རྡོ་ཆུ་རུད་བྱུང་བའི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་དོན་འཁྱོལ་དམ་འཛིན་བྱེད་དགོས་པའི་མཆན་བཀོད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་དགུས་གནོད་རྗེས་བསྐྱར་སྐྲུན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། གནོད་ཐེབས་མང་ཚོགས་སོགས་ཀྱི་ཐུགས་སེམས་མགུ་བར་བྱེད་དགོས།

             ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་གོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་སོགས་ཚོགས་འདུར་ཕེབས་ཡོད།

              ཚོགས་འདུར་ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཞིང་དཔོན་གཞོན་པ་ཝང་ཉིང་སོགས་ཀྱིས་གནང་བའི“8·20”ཝུན་ཁྲོན་དུ་དྲག་ཆར་བབས་ནས་འདམ་རྡོ་ཆུ་རུད་བྱུང་བའི་གནོད་རྗེས་བསྐྱར་སྐྲུན་སྐོར་གྱི་མཛུབ་སྟོན་གལ་ཆེན་སོགས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཝུན་ཁྲོན་དང་ལིས་རྫོང་། མའོ་རྫོང་དང་ཟུང་ཆུ། ཝོ་ལུང་དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་ཀྱི་གནོད་རྗེས་བསྐྱར་སྐྲུན་ལས་ཀའི་གནས་ཚུལ་གྱི་སྙན་ཞུར་ཉན།

              ཁུལ་ཨུ་དང་ཁུལ་དམངས་འཐུས། ཁུལ་སྲིད་གཞུང་གི་འབྲེལ་ཡོད་ཁུལ་རིམ་འགོ་ཁྲིད། ཁུལ་སྲིད་གཞུང་གི་དྲུང་ཆེན་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཆེན་གཞོན་པ། ཁུལ་ཐད་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན། ཝུན་ཁྲོན་དང་ལིས་རྫོང་། མའོ་རྫོང་དང་ཟུང་ཆུ། ཝོ་ལུང་དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད།།

རྩོམ་སྒྲི་ག་པ།  ཚེ་པེ།  གཡུ་འཛོམས།