མགུར་གླུ།

རྩོམ་པ་པོ།   དུས་ཚོད།   2019-09-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྒེའུ་ཁུང་ནང་གི་སྐར་མ།།

ཆེ་ཡང་ཆེ་རྒྱུ་མི་འདུག།

ཆུང་ཡང་ཆུང་རྒྱུ་མི་འདུག།

ལས་ཀྱིས་བསྐོས་པ་ཨེ་ཡིན།།


ཁྲེལ་གཞུང་ཐུང་བའི་བྱམས་པ།།

གཞུང་གི་རླུང་བུ་འདྲ་བྱུང་།།

ཡུན་ཐུང་ཞིག་གི་ནང་ནས།།

གཞན་རྗེས་འགྲོ་གྲབས་བྱེད་འདུག།


སྐྱོ་བ་རླུང་དང་འདྲེས་སོང་།།

ན་ཟུག་སེམས་ལ་སྤུར་བྱུང་།།

རླུང་བུ་གཡུག་ཐེངས་མང་པོས།།

ལུས་སེམས་དཀྲུག་དཀྲུག་བཏང་བྱུང་།།

རི་བོ་སྐྱོ་བས་ངུས་བྱུང་།།


སྤྲིན་པས་སྨྲེང་བ་རུམ་འདུག།

ཉི་ཟླ་གཉིས་ཀྱི་རེ་བ།།

རླུང་ལ་བསྐུར་ན་མི་ཉན།།


སེམས་མཐུན་སྒྲོལ་མའི་དམ་ཚིག།

སྣང་མེད་གཡུག་ན་མི་ལོ།།

ཚེ་གཅིག་ལུས་གཅིག་འདི་ནས།།

ང་ལ་དབང་བ་ཁྱོད་ཡིན།།


གྲོང་སྟོད་ལུང་བའི་དཀྱིལ་ན།།

ང་ཡི་སྙིང་སྡུག་བཞུགས་ཡོད།།

སྟག་ཤར་སེམས་པ་མགུ་ཡང་།།

ངེད་གཉིས་བརྩེ་བ་སྲོག་ཡིན།།


ང་ཡི་སྙིང་སྡུག་མཐོང་དུས།།

སློབ་རའི་ནང་གི་བུ་མོ།།

མཛེས་ཀྱང་མཛེས་རྒྱུ་མི་འདུག།

འགྲོགས་ཀྱང་དགའ་སྣང་མ་བྱུང་།།


ལོ་ཆུང་སྣང་བ་མཐུན་པ།།

བུང་བ་མེ་ཏོག་ཡན་རེད།།

ན་ཆུང་པད་མའི་མེ་ཏོག།

དབྱར་གཞུང་གང་ན་བཞད་ཡོད།།


འཁྲེང་ཞེན་ལོ་ཟླའི་བར་ནས།།

ཁྱོད་ལ་བསྐུར་བའི་འཕྲིན་པ།།

བསུབ་ཐབས་མེད་པ་ཡིན་ན།།

འཕྲིན་ལན་བསྐུར་རྒྱུ་མ་བརྗེད།།


ཡར་ཚེས་ཟླ་བ་འཆར་དུས།།

ལྷ་ཁང་བསྐོར་བར་བུད་སོང་།།

སྙིང་སྡུག་བྱམས་པ་ངེད་གཉིས།།

མཚན་མོའི་འུག་པ་སྤུན་གཉིས།།


སྙིང་གི་བྱམས་པར་ཐུག་དུས།།

མི་ཁ་ཞེ་ལ་མི་འདུག།

བསམ་ནག་ལས་ལ་མ་སྐྲག།

མཉམ་དུ་འགྲོག་རྒྱུ་བྱས་བཞག། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།