ཝུན་ཁྲོན་རྫོང་གི་སློབ་གྲྭ་སོ་སོ་དུས་ཐོག་ཏུ་སློབ་མགོ་ཚུགས་ཡོད།

རྩོམ་པ་པོ།   དུས་ཚོད།   2019-09-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                ཉེན་སེལ་རོགས་སྐྱོབ་དང་གནོད་རྗེས་སླར་གསོ་བྱས་ཏེ། ཟླ་9ཚེས་2ཉིན། ཝུན་ཁྲོན་རྫོང་གི་གནོད་ཐེབས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སོ་སོས་2019ལོའི་སྟོན་དུས་སློབ་མགོ་ཚུགས་པའི་མཛད་སྒོ་སྤེལ་ནས། སློབ་མ་རྣམས་ཀྱིས་དུས་ཐོག་ཏུ་སློབ་སྦྱོང་བྱེད་མགོ་ཚུགས་ཡོད། 

                  འདི་ནི་སན་ཅང་སློབ་ཆུང་གིས་སློབ་དུས་གསར་བར་སློབ་མགོ་ཚུགས་པའི་མཛད་སྒོ་སྤེལ་བཞིན་པའི་ཚུལ་རེད།

             “8·20”འདམ་རྡོ་ཆུ་རུད་ཀྱིས་གནོད་སྐྱོན་ཐེབས་པའི་རྐྱེན་གྱིས། ཧྲུའེ་མའོ་གྲོང་རྡལ་དུ་ཡོད་པའི་ཝུན་ཁྲོན་བྱིས་པ་ཁང་གཉིས་པའི་སློབ་མ་220ཡིས་སྔོན་ཆད་ཀྱི་སློབ་གྲྭར་སློབ་མགོ་ཚུགས་མ་ཐུབ། ཡུལ་གཞན་དུ་བཀོད་སྒྲིག་བྱེད་པའི་ཐབས་ལམ་བརྒྱུད། ཧྲུའེ་མའོ་གྲོང་རྡལ་གྱི་ཀུའོ་ཅ་པའི་བྱིས་པ་ཁང་དུ་འཛིན་གྲྭ་4དང་སློབ་མ་120བཀོད་སྒྲིག་བྱས་པ་དང་ཧྲུའེ་མའོ་སློབ་ཆུང་དུ་འཛིན་གྲྭ་3དང་སློབ་མ་100བཀོད་སྒྲིག་བྱས་ཡོད། འདི་ནི་སློབ་དུས་གསར་བར་སློབ་མགོ་ཚུགས་པའི་ཉིན་དང་བོ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།