འཛམ་ཐང་རྫོང་འཛམ་ཁོག་གྲོང་རྡལ་སྡེ་ཁུལ་གྱིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2019-09-04   རྩོམ་ཁུངས།   

                       རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཁྱིམ་ཚང་སྨན་པའི་གན་འཇོག་ཁ་ཆད་ལག་བསྟར་ཞབས་ཞུའི་ལས་དོན་ཏན་ཏིག་ངང་སྒྲུབ་ཆེད། ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ལ་སྔོན་འགོག་དང་། བདེ་སྲུང་། ལུས་གསོ། བདེ་ཐང་དོ་དམ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་དང་རྫོང་ཡོངས་ཀྱི་སྡོད་དམངས་ཀྱི་བདེ་སྲུང་བས་ནུས་པ་འདོན་ཆེད། ཉེ་ཆར། འཛམ་ཐང་རྫོང་འཛམ་ཁོག་གྲོང་རྡལ་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ཚོགས་པས་འཛམ་ཐང་རྫོང་དུ་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པ་དང་བདེ་ཐང་དབུལ་སྐྱོར་སྐོར་སྐྱོད་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ།

                    ཤེས་རྟོགས་བྱུང་བ་ལྟར་ན། ཉིན་ཤས་རིང་། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ཚོགས་པ་ལས་བྱེད་པ་དང་ལས་བཟོ་བའི་ལས་ཁུངས་སུ་བསྐྱོད་དེ་ལུས་པོར་བརྟག་དཔྱད་བྱེད་པ་དང་འཚམས་འདྲི་བྱེད་པ་སོགས་ཀྱིས་ཁྱིམ་ཚང་སྨན་པའི་གན་འཇོག་ཁ་ཆད་ཞབས་ཞུ་ལག་བསྟར་བྱས་པ་དང་། གཙོ་བོ་འདྲི་རྩད་དང་ཁྲག་ཤེད་ཚད་ལེན་སོགས་བྱས་པ་དང་། ད་དུང་སྡོད་དམངས་ལ་བདེ་ཐང་དབུལ་སྐྱོར་སྲིད་ཇུས་དང་། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་སྲིད་ཇུས། ནང་དོན། བྱེད་ཐབས་དང་དེ་མིན་སྡོད་དམངས་ལ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་སྲིད་ཇུས་དང་སྨན་བཅོས་དབང་ཆ་སོགས་དྲིལ་སྒྲོག་བྱས་ནས། ཁོ་ཚོས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་སྲིད་ཇུས་ཤེས་རྟོགས་བྱུང་ཚད་མཐོར་འདེགས་བཏང་ངོ་།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།