གནོད་ཁུལ་མང་ཚོགས་ཀྱིས་ཐོན་སྐྱེད་རང་སྐྱོབ་བྱས།

རྩོམ་པ་པོ།   དུས་ཚོད།   2019-09-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

འདི་ནི་ཝུན་ཁྲོན་རྫོང་གི་ཞིང་བས་སིལ་ཏོག་ལ་ཐུམ་རྒྱག་བཞིན་པའི་ཚུལ་རེད།

འདི་ནི་ལིས་རྫོང་གི་ཐུང་ཧྭ་ཡུལ་ཚོའི་ཐུང་ཧྭ་གྲོང་སྡེར་གྲོང་སྡེའི་ལས་བྱེད་པ་དང་གྲོང་དམངས་ཀྱིས་སིལ་སྡོང་ར་བ་ནས་འདམ་རྫབ་གཙང་སེལ་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ཝུན་ཁྲོན་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་མྱུར་བསྡུ་བྱས་པའི་སྔོ་ཚལ་ལེན་ཧྭ་ཕྱི་ཡུལ་དུ་འདྲེན་བཞིན་པའི་ཚུལ་རེད།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  “8·20”ཝུན་ཁྲོན་དུ་དྲག་ཆར་བབས་ནས་འདམ་རྡོ་ཆུ་རུད་བྱུང་བས། རང་ཁུལ་གྱི་ས་གནས་མང་བོར་རི་ཉིལ་བ་དང་ཆུ་ལོག་བྱུང་བ། གློག་དང་འཕྲིན་སྐྱེལ། གཞུང་ལམ་སོགས་ཆད་དེ།མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་བཟོས། གྱོང་གུན་ཐེབས་ཚད་ཇེ་ཉུང་དུ་གཏོང་ཆེད། གནོད་ཁུལ་མང་ཚོགས་ཀྱིས་གཞན་ལ་མ་སྒུག་པར་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་འོག་ཐོན་སྐྱེད་རང་སྐྱོབ་དང་ཁྱིམ་གཞིས་ཞིག་གསོ་བྱས་ནས། ཐོན་སྐྱེད་དང་འཚོ་བའི་གོ་རིམ་སླར་གསོ་ལ་འབད་འབུངས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།