དྲག་རྩལ་བ་བསོད་ནམས་དར་རྒྱས་ཀྱིས་ཨ་རིའི་འགྲན་ཡ་ཕམ་པར་བརྒྱབ།

རྩོམ་པ་པོ།   དུས་ཚོད།   2019-09-03   རྩོམ་ཁུངས།    ལུགས་གཉིས་ཕོ་ཉའི་གླིང་།

             སྤྱི་ཟླ་༩ཚེས་༡ཉིན་གྱི་དགོང་མོར། UFCདྲག་རྩལ་འགྲན་སྡུར་གྲོང་ཁྱེར་ཧྲེན་ཀྲེན་དུ་འཚོགས་པ་དང་། བོད་ཀྱི་དྲག་རྩལ་བ་སྟག་ཤར་བསོད་ནམས་དར་རྒྱས་འགྲན་སྡུར་དེར་ཞུགས་ཤིང་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ལོ་སིའི་(老挝)འགྲན་ཡ་ལས་རྣམ་པར་རྒྱལ་བ་མ་ཟད།  མི་མང་པོས་ཁོང་གི་དྲག་རྩལ་ལ་གདེང་འཇོག་ཤིན་ཏུ་ལེགས་པོ་གནང་འདུག     

               དྲག་རྩལ་པ་བསོད་ནམས་དར་རྒྱས་ནི་མགོན་པོའི་དྲག་རྩལ་ཁང་ནས་གསོ་སྐྱོང་གནང་བའི་ཕོ་རྩལ་སྣ་རྒུ་འཛོམས་པའི་གཞོན་སྐྱེས་ལུས་རྩལ་པ་ཞིག་ཡིན་པ་མ་ཟད། གསེར་གྱི་སྐེ་རགས་བྱ་དགའ་ལེན་མྱོང་བ་དང་འཛམ་གླིང་གི་སྣ་འཛོམས་དྲག་རྩལ་གྱི་སྡིངས་ཆ་ཆེ་ཤོས་UFCའགྲན་སྡུར་དུ་བདམས་ཐོན་བྱུང་བ་སོགས་བོད་མིའི་ལོ་རྒྱུས་ཁྲོད་ཟིན་ཐོ་གསར་པ་མང་པོ་བཏོད་མྱོང་།  

             UFCཞེས་པའི་སྡིངས་ཆ་དེ་ནི་འཛམ་གླིང་ཐོག་གི་སྣ་འཛོམས་དྲག་རྩལ་གྱི་འགྲན་སྡུར་བྱེད་ས་ཆེ་ཤོས་དེ་ཡིན་ཞིང་། དེར་ཞུགས་ཀྱི་དྲག་རྩལ་པ་དག་ནི་སྣ་འཛོམས་དྲག་རྩལ་གྱི་ཆེས་ཕུལ་དུ་བྱུང་བའི་ལུས་རྩལ་པ་ཤ་སྟག་ཡིན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།