ཤང་ཀང་སྐོར་གྱི་དཔྱད་གཏམ་ཞིག

རྩོམ་པ་པོ།   དུས་ཚོད།   2019-09-02   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

                 ཟླ་༨ཚེས་༣༡ཉིན།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་འགོ་བརྗོད་དུ་༼ཤང་ཀང་གི་གནད་དོན་དེ་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྱི་རིན་དོད་ལ་བརྩི་བའི་རེ་ངན་མཐའ་འཁྱོངས་བྱེད་མི་ཐུབ་༽ཅེས་པའི་རྒྱལ་སྤྱིའི་དཔྱད་གཏམ་ཞིག་སྤེལ་ཡོད། 

                 དཔྱད་གཏམ་ནང་། ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཟླ་༨པའི་ཚེས་༣༠ཉིན། ཨ་རིའི་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་སླར་ཡང་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་དང་ཤང་ཀང་གནད་དོན་གཉིས་དབར་འབྲེལ་བ་ཡོད་ཅེས་ཤོད་ཀྱི་ཡོད། འོན་ཀྱང་དུས་ཡུན་ཟླ་བ་གཅིག་ལྷག་གི་གོང་། མི་དེ་དག་གིས་ཤང་ཀང་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས། ངེས་པར་དུ་ཀྲུང་གོ་བ་རང་ཉིད་ནས་ཐག་གཅོད་བྱེད་པ་ལས་གཞན་གྱི་གྲོས་འགོར་ཉན་དགོས་ཀྱི་མེད་ཅེས་ཁ་གསལ་བརྗོད་མྱོང་ཡོད།

                 གཏམ་གྱི་བྲོ་བ་མ་ཡལ་གོང་རང་གི་བཤད་པའི་སྐད་ཆར་འགྱུར་ལྡོག་འགྲོ་བཞིན་ཡོད། ཨ་རིའི་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་བཤད་པའི་སྐད་ཆ་གང་ཞིག་ངོ་མ་ཡིན་དང་གང་ཞིག་རྫུན་མ་ཡིན་གསལ་པོ་མེད། ཕྱི་ཕྱོགས་ནས། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་ཚོགས་པའི་དབར་གྱི་གྲོས་མོལ་བདེ་བླག་ཡོང་རིམ་བཞིན། ཨ་རིའི་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མི་སྲིད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་གནས་ཚུལ་གྱི་འཕེལ་རིམ་ཛ་དྲག་ཏུ་འགྲོ་རིམ་བཞིན་དེ་འདྲའི་མི་འགའ་ཤས་ཀྱིས་ཤང་ཀང་གི་གནད་དོན་དང་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གཉིས་ཕན་ཚུན་འབྲེལ་ནས་བརྗོད་ཀྱི་ཡོད་པའི་དོ་སྣང་བྱུང་ཡོད། དེ་ལྟ་བུའི་ལངས་ཕྱོགས་བརྟན་པོ་མིན་པ་དང་། རྒྱབ་མདུན་འགལ་ཟླར་གྱུར་བའི་རྣམ་འགྱུར་བསྟན་སྟངས་ཀྱི་ཐོག་ནས་ཨ་རིའི་ཕྱོགས་ཀྱི་མི་དེ་ཚོས་ཤང་ཀང་དུ་ཟིང་འཁྲུག་ལངས་ཡོད་མེད་དང་། བཟང་ངན་གང་ཡིན་མིན་ལ་དོ་ཁུར་མི་བྱེད་པར། དེ་ལས་ལྡོག་སྟེ་ཤང་ཀང་གི་གནད་དོན་དེ་ཉིད་རིན་དོད་དུ་བརྩིས་ནས་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཁྲོད་ཀྲུང་གོར་གནོན་ཤུགས་སྤྲོད་པ་བརྒྱུད་གྲོས་མོལ་གྱི་རིན་གོང་མཐོ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་འཁོད་ཡོད་པ་དང་། 

               དཔྱད་གཏམ་ནང་། ཀྲུང་གོའི་ཕྱོགས་ནས་དཔལ་འབྱོར་ཉོ་ཚོང་གནད་དོན་ཡིན་ན་དཔལ་འབྱོར་ཉོ་ཚོང་ཁོ་ན་གླེང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཨ་རིའི་ཕྱོགས་ཀྱི་མི་དེ་ཚོས་གང་མགྱོགས་དཔྱོད་ཤེས་ཀྱི་ཐོག་ནས་གནད་དོན་ཐག་གཅོད་བྱེད་པའི་འཁོར་ལམ་ཐོག་ལོག་པ་ལས། དོན་མེད་རྐྱེན་བཟོ་བྱས་ཏེ་གྲོས་མོལ་ལ་རྙོག་དྲ་འཐོལ་པ་བཟོ་མི་རུང་། དཔལ་འབྱོར་ཉོ་ཚོང་གནད་དོན་དཔལ་འབྱོར་ཉོ་ཚོང་གནད་དོན་རང་ལ་གཏོགས་པ་བྱེད་རྒྱུ་དང་། ཆབ་སྲིད་གནད་དོན་ཆབ་སྲིད་རང་ལ་གཏོགས་པ་བྱེད་རྒྱུ་དེ་ནི་ཀྲུང་ཨ་ཕྱོགས་གཉིས་པོས་གདོང་དང་གདོང་ཐུག་ནས་གྲོས་མོལ་བྱེད་པའི་ཡང་དག་པའི་ཐབས་ལམ་དེ་ཡིན། ཤང་ཀང་གནད་དོན་དེ་ཉིད་དཔལ་འབྱོར་ཉོ་ཚོང་གྲོས་མོལ་བྱེད་པའི་རིན་དོད་དུ་བརྩི་བའི་རེ་ངན་ལམ་ལྷོངས་ཡོང་མི་སྲིད་ཅེས་འཁོད་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།