སྤྱིར་ཟས་རིགས་ལ་ཧམ་སྤུ་བརྒྱབ་ན་བཟའ་མི་རུང་། འོན་ཀྱང་……

རྩོམ་པ་པོ།   དུས་ཚོད།   2019-09-02   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

              ཟས་རིགས་ནི་ང་ཚོའི་ངོས་ནས་བརྗོད་ན་གལ་ཧ་ཅང་ཆེན་པོ་རེད། དེས་མིའི་ལུས་པོར་མཁོ་བའི་འཚོ་རྒྱུ་གསབ་པ་མ་ཟད། ད་དུང་དུས་རྒྱུན་ཚེ་སྲོག་གི་འགུལ་སྐྱོད་རྒྱུན་བསྐྱངས་ཀྱི་ཡོད། འོན་ཀྱང་ཟས་རིགས་ཚང་མ་བློས་བཀལ་ནས་བཟས་ན་འགྲིག་གི་མེད། ཧམ་སྤུ་རྒྱག་པའི་ཟས་རིགས་ནི་དེ་བས་ཀྱང་བཟའ་རྒྱུ་མེད། 

              ཟས་རིགས་ཁ་ཤས་ཡུན་རིང་བཞག་ཚེ་ཧམ་སྤུ་རྒྱག་གི་ཡོད། དེའི་རྒྱུ་མཚན་ནི་མཁའ་རླུང་ནང་འབུ་ཕྲ་འདྲ་མིན་སྣ་ཚོགས་ཡོད་ཅིང་། དེ་དག་ཟས་རིགས་ཐོག་འཇག་ནས་འབུ་ཕྲ་མང་པོ་འཕེལ་བ་ལས་བྱུང་བ་ཞིག་རེད། 

             དུས་རྒྱུན་འཚོ་བའི་ནང་ཧམ་སྤུ་རྒྱག་སླ་བའི་ཟས་རིགས་མང་པོ་ཡོད་པ་དཔེར་ན། ཀུ་ཤུ་དང་བ་དམ། ཨ་ཤོམ་སོགས་ཚང་མ་ཡུན་རིང་ཉར་ཆོག་པའི་ཟས་རིགས་ཀྱི་གྲས་ཤིག་ཡིན་པ་དང་། དེ་དག་ལ་ཧམ་སྤུ་བརྒྱབ་རྗེས་མི་མང་ཆེ་བས་ཧམ་སྤུ་རྒྱག་སའི་མཚམས་དེ་བཀོག་ནས་མུ་མཐུད་བཟའ་ཡི་ཡོད། དོན་དངོས་ཐོག་དེ་ལྟར་བྱས་ཚེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། ཧམ་སྤུ་རྒྱག་སའི་མཚམས་ཁག་གཅིག་ཤ་མིག་གིས་མཐོང་རྒྱུ་མེད། གལ་ཏེ་དེ་དག་བཀོག་ཀྱང་ལྷག་འཕྲོ་རྣམས་ལ་ཡང་ཧམ་སྤུ་རྒྱབ་ཡོད་པའི་ཉེན་ཁ་ཡོད་པས་དེ་དག་རྩ་བ་ནས་བཟའ་རྒྱུ་མེད། 

                 འོན་ཀྱང་ཧམ་སྤུ་བརྒྱབ་པའི་ཟས་རིགས་གཅིག་རང་བློ་བདེ་པོས་བཟའ་ཆོག་གི་ཡོད་ཅིང་དེ་ནི་ང་ཚོས་རྒྱུན་གཏན་འཚོ་བའི་ནང་མཐོང་མང་བའི་སྲན་ཆུར་(豆腐乳)ཡིན་ཞིང་། དོན་དངོས་ཐོག ཟས་རིགས་དེ་ནི་སྲན་ཞོ་(豆腐)བསྙལ་ནས་རུལ་དུ་བཅུག་རྗེས། ཚྭ་དང་ཤ་སྨན་སྣ་ཚོགས་མཉམ་བསྲེས་བྱས་ནས་བཟོས་པ་ཞིག་རེད།

                ཧམ་སྤུ་བརྒྱབ་པའི་སྲན་ཆུར་འཚོ་བཅུད་Bམང་པོ་འདུས་ཡོད་པས་དུས་རྒྱུན་ཐུན་ཆུང་བཟས་ན་མིའི་ལུས་པོའི་འཇུ་བྱེད་མ་ལག་ལ་ཕན་ཐོགས་ཆེན་པོ་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།