རྫ་བཟོའི་ཐོན་རྫས།

རྩོམ་པ་པོ།   དུས་ཚོད།   2019-08-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

བཀྲ་བན།

རྫ་ཡིས་བཟོས་ལ། བཀྲིས་རྟེན་འབྲེལ་གྱི་སྐབས་སུ་མཆོད་ཆང་བླུགས་ནས་འཁྱེར་བྱེད་ཀྱི་སྣོད་ཡིན་ནོ།། 

 (1) ཁ། (2) ལུང་། (3) ལུང་ཐག (4) སྐེ། (5) ཞབས་ར།

རྫ་མ།

  རྫ་ཡིས་བཟོས་ལ། སྦང་བླུམ་བླུགས་ནས་དེའི་ནང་ཆུ་བརྒྱབ་ཏེ་ཆང་ཚགས་པར་བྱེད་པའོ།། 

      (1) ཁ། (2) ལུང་། (3) ཐིམ་བུ། (4) ཞབས་ར།

མེ་ཕོར་ཁོག་སྟིར།

རྫ་ཡིས་བཟོས་ལ། མེ་མདའ་བཅང་ནས་ཇ་ཚ་པོ་བཟོ་བྱེད་དོ།། 

      (1) ཁོག་ལྡིར། (2) མཆུ་ཏོ། (3) ཁ། (4) ལུང་། (5) སྐེ། (6) མེ་ཁོག། མེ་ཕོར། (7) ལུང་། (8) ཁ། (9) ཞབས་ར།

མེ་ཕོར་ཁོག་སྟིར།

རྫ་ཡིས་བཟོས་ལ། མེ་མདག་བཅང་ནས་ཇ་ཚ་པོ་བཟོ་བྱེད་དོ།།

མེ་ཕོར་ཁོག་སྟིར།

རྫ་ཡིས་བཟོས་ལ། མེ་མདག་བཅང་ནས་ཇ་ཚ་པོ་བཟོ་བྱེད་དོ།།

ཟངས་ཀྱི་མེ་ཁོག་གམ་མེ་ཕོར།

ཟངས་དང་རག་གིས་བཟོས་ལ། མེ་མདག་བཅང་ནས་དེའི་སྟེང་དུ་ཁོག་ལྟིར་འཇོག་བྱེད་ཀྱི་ཡོ་ཆས་ཡིན་ནོ།།

      (1) མེ་ཁོག (2) ཁ། (3) ལུང་། (4) ཞབས་ར། (5) མེ་ལོང་། (6) ཞབས་ར།

ཆང་རྐྱན།

རྫ་ཡིས་བཟོས་ལ། ཆང་བླུགས་བྱེད་ཀྱི་སྣོད་ཡིན་ནོ།། 

      (1) མཆུ་ཏོ། (2) ཁ། (3) ལུང་། (4) སྐེ། (5) ཞབས་ར།

ཆང་རྐྱན།

རྫ་ཡིས་བཟོས་ལ། ཆང་བླུགས་བྱེད་ཀྱི་སྣོད་ཡིན་ནོ།། 

      (1) མཆུ་ཏོ། (2) ཁ། (3) ལུང་། (4) ཁེབས་གཅོད། (5) སྐེ། (6) ཞབས་ར།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།