དངུལ་བསྐྱི་བ།

རྩོམ་པ་པོ།   དུས་ཚོད།   2019-08-29   རྩོམ་ཁུངས།    རྔ་བ་ཁྲིམས་འཛིན་ཅུས།


            མི་སྒེར་དང་སྒེར་གྱི་བར་ལ་དངུལ་བསྐྱི་བའི་གནས་ཚུལ་ཤིན་ཏུ་མང་ནའང་ཕན་ཚུན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་མ་ཤེས་པ་དང་།སྒོས་སུ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་ཀྱང་ཁྲིམས་མཐུན་གྱི་བྱེད་ཐབས་ལ་རྨོངས་བས།མཐར་རང་ཉིད་ལ་གྱོང་གུན་ཕོག་པའི་གནས་ཚུལ་རྒྱུན་དུ་མཐོང་རྒྱུ་ཡོད། 

           བཅའ་ཁྲིམས་དཔྱད་བརྗོད།

           བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན་བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་གང་ཞིག་ཐག་གཅོད་དགོས་ཚེ།བཅའ་ཁྲིམས་ཀྱི་གཏན་འབེབས་ཁོ་ན་མ་གཏོགས་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་ཀྱི་བྱེད་ཐབས་སོགས་གང་ཡང་དང་ལེན་མི་བྱེད་ལ།དྲག་ཤུགས་ཀྱི་བྱེད་ཐབས་སོགས་ལ་བརྟེན་ནས་ནག་ཉེས་བསགས་ན་དེ་ལས་ཀྱང་རྒྱབ་སྐྱོར་མི་བྱེད་པ་མ་ཟད།དེ་ལས་ལྡོག་སྟེ་ཉེས་ཆད་ཕོག་ངེས།གོང་གི་བརྙན་ཐུང་ནང་གི་གནད་དོན་ལྟ་བུར་མཚོན་ན་བུན་བདག་གིས་གཏུག་བཤེར་རྒྱག་སྐབས་ཐོག་མར་གཏུག་བཤེར་ནུས་ཚད་རྫོགས་ཡོད་མེད་ལ་བལྟ་དགོས་པ་དང་།གཏུག་བཤེར་ནུས་ཚད་ནི་བུ་ལོན་སྤྲོད་དགོས་པའི་ཉིན་ནས་བཟུང་ལོ་གསུམ་ཡིན།གལ་ཏེ་ནུས་ཚད་ནང་གཏུག་བཤེར་མ་བརྒྱབ་ན་ཕྱིས་སུ་གཏུག་བཤེར་བརྒྱབ་ཀྱང་ཁྲིམས་ཁང་གིས་རྒྱབ་སྐྱོར་མི་ཐོབ། 

          བཅའ་ཁྲིམས་གཏན་འབེབས།

           ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ་གྱི་དོན་ཚན༡༨༨པའི་གཏན་འབེབས།མི་དམངས་ཁྲིམས་ཁང་ལ་དམངས་དོན་དབང་ཆ་སྲུང་སྐྱོབ་བྱེད་པའི་གཏུག་བཤེར་རྒྱག་པའི་ནུས་ཚད་ཀྱི་དུས་ཡུན་ནི་ལོ་གསུམ་ཡིན།བཅའ་ཁྲིམས་ཀྱི་གཏན་འབེབས་གཞན་ཡོད་ཚེ།དེའི་གཏན་འབེབས་ལྟར་བསྒྲུབ་དགོས། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།